འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་26ཉིན།

༄༅༎ཟུང་ཆུ་པེ་དབྱང་སྲུང་སྐྱོང་ཁུལ་ནས་དོམ་ཁྲ་དང་། སི་ཁྲོན་གྱི་སྤྲེལ་ཁྲ། གཙོད་བཅས་ཀྱི་
དཔྱད་གཞིའི་པར་རིས་ཐོག་མར་རག་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་26ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་24ཉིན། ཟུང་ཆུའི་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་གོང་ལས་དོན་མི་སྣས་པེ་དབྱང་རང་བྱུང་སྲུང་སྐྱོང་ཁུལ་གྱི་དམར་ཕྱིའི་འོད་ཀྱི་པར་ཆས་ཀྱིས་པར་ལེན་བྱས་པའི་པར་རིས་ལེགས་སྒྲིག་བྱེད་སྐབས་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་དོམ་ཁྲ་དང་། སི་ཁྲོན་གྱི་སྤྲེལ་ཁྲ། གཙོད་བཅས་ཀྱི་རྗེས་ཤུལ་གསར་རྙེད་བྱུང་བ་རེད། དེ་ནི་པེ་དབྱང་རང་བྱུང་སྲུང་སྐྱོང་ཁུལ་ནས་དོམ་ཁྲ་དང་། སི་ཁྲོན་གྱི་སྤྲེལ་ཁྲ། གཙོད་བཅས་ཀྱི་རྩ་ཆེའི་དཔྱད་གཞིའི་པར་རིས་ཐོག་མར་རག་པ་ཞིག་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། དོམ་ཁྲ་དང་། སི་ཁྲོན་གྱི་སྤྲེལ་ཁྲ། གཙོད། གནའ་བ(རིམ་པ་གཉིས་པ)བཅས་ཀྱི་པར་རིས་དེ་ད་ལོའི་ཟླ་6པའི་ཟླ་མཇུག་ནས་ཟླ་7པའི་བར་པར་ལེན་བྱས་པ་ཞིག་རེད། པར་ཆས་ཁག་གཅིག་གིས་ཟས་འཚོལ་བཞིན་པའི་དོམ་ཁྲ་དར་མ་ཞིག་པར་ལེན་ཐུབ་པ་དང་། པར་ཆས་ཁག་གཞན་ཞིག་གིས་པར་དུ་བླངས་པའི་གཙོད་ཀྱིས་པར་ཆས་ལ་ཡ་མཚན་ཆེན་པོས་སྐབས་འགར་ལྕེས་པར་ཆས་ལྡག་པ་དང་། ཡུད་ཙམ་བསྡད་རྗེས་པར་རིས་ནས་བྲལ་ཏེ་ནགས་ཚལ་ནང་བསྐྱོད། པར་རིས་ནང་ནས་ཁྱུ་དང་ཁྱུའི་སྤྲེལ་ཁྲ་མཐོང་ཐུབ་ལ། དེའི་གྲངས་འབོར་བརྒྱ་ལས་བརྒལ་བ་དང་། སྤྲེལ་ཁྲ་ཕོ་ཡོད་ལ། སྤྲེལ་ཕྲུག་པང་དུ་ཉར་བའི་སྤྲེལ་ཁྲ་མོ་ཡང་ཡོད་པ་རེད།