འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་26ཉིན།

༄༅།།ཀྲུང་གོས་ཕྱི་ཕྱོགས་རོགས་སྐྱོར་གྱི་མཚོན་རྟགས་དང་རྟགས་མ་གསར་པ་སྤྱོད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་26ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་གོས་ཕྱི་ཕྱོགས་རོགས་སྐྱོར་གྱི་མཚོན་རྟགས་དང་རྟགས་མ་གསར་པ་སྤྱོད་རྒྱུ་ཡིན་པ།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་25ཉིན། རྒྱལ་ཁབ་རྒྱལ་སྤྱི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡིས་སྤྱི་བསྒྲགས་སྤེལ་ཏེ། 2020ལོའི་ཟླ་1ཚེས་1ཉིན་ནས་བཟུང་ཀྲུང་གོ་སྲིད་གཞུང་གི་ཕྱི་ཕྱོགས་རོགས་སྐྱོར་གྱི་མཚོན་རྟགས་དང་རྟགས་མ་གསར་པ་དངོས་སུ་སྤྱོད་རྒྱུ་ཡིན་པ་རེད།
     སྤྱི་བསྒྲགས་ནང་།  རང་རྒྱལ་གྱི་ཕྱི་ཕྱོགས་རོགས་སྐྱོར་གྱི་འདུན་ཤེས་སྔར་ལས་ཡག་པ་མཚོན་ཆེད་དང་། ཕྱི་ཕྱོགས་རོགས་སྐྱོར་ལས་དོན་གྱི་གྲུབ་འབྲས་ཁྱབ་བསྒྲགས་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད། ཆོག་མཆན་ཐོབ་པ་བརྒྱུད། རང་རྒྱལ་གྱིས་ཕྱི་ཕྱོགས་རོགས་སྐྱོར་གྱི་མཚོན་རྟགས་དང་རྟགས་མ་གསར་པ་སྤྱོད་རྒྱུ་ཡིན་པ་རེད། མཚོན་རྟགས་ཀྱི་པར་རིས་ནི་ཚོན་མདོག་དམར་པོའི“ཀྲུང་གོའི་བཀྲ་ཤིས་མདུད་པ”ལ་“ཀྲུང་གོའི་རོགས་སྐྱོར་"ཞེས་པའི་རྒྱ་ཡིག་དང་ཕྱི་རྒྱལ་ཡི་གེའི་འདྲ་དཔེ་དང་"ཐུན་མོང་གི་མ་འོངས་པའི་ཆེད་"ཅེས་པའི་ཕྱི་རྒྱལ་གྱི་ཡི་གེས་ཞིབ་བརྗོད་བྱས་ཡོད་པ་དང་། འཕྲེང་གཞུང་གཉིས་ལ་དབྱེ་ནས་པར་གཞི་བསྒྲིག་ཡོད་ཅིང་། ས་གནས་མི་འདྲ་བར་བདམས་སྤྱོད་བྱ་རྒྱུར་མཁོ་འདོན་བྱས་ཡོད་ཅེས་བརྗོད་ཡོད་པ་རེད།
    པར་གཞི་གསར་པའི་ཕྱི་ཕྱོགས་རོགས་སྐྱོར་མཚོན་རྟགས་དང་རྟགས་མ་དེ་2020ལོའི་ཟླ་1ཚེས་1ཉིན་ནས་བཟུང་དངོས་སུ་སྤྱོད་རྒྱུ་དང་། དེ་སྔོན་སྤྱོད་པའི་མཚོན་རྟགས་དང་རྟགས་མ་སྔར་བཞིན་མུ་མཐུད་སྤྱོད་ཆོག་པ་དང་། 《ཕྱི་ཕྱོགས་རོགས་སྐྱོར་མཚོན་རྟགས་བེད་སྤྱོད་དོ་དམ་བྱ་ཐབས་》ལ་གཞིགས་ནས་ལོགས་སུ་སྤྱི་བསྒྲགས་སྤེལ་རྒྱུ་ཡིན་པ་བརྗོད་ཡོད།
    རྒྱལ་ཁབ་རྒྱལ་སྤྱི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡིས་ཟླ་11ཚེས་25ཉིན་སྤྱི་བསྒྲགས་སྤེལ་ནས། 2020ལོའི་ཟླ་1ཚེས་1ཉིན་ནས་བཟུང་དངོས་སུ་ཀྲུང་གོ་སྲིད་གཞུང་གི་ཕྱི་ཕྱོགས་རོགས་སྐྱོར་གྱི་མཚོན་རྟགས་དང་རྟགས་མ་གསར་པ་སྤྱོད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།
༄༅།།ཀྲུང་གོས་ཕྱི་ཕྱོགས་རོགས་སྐྱོར་གྱི་མཚོན་རྟགས་དང་རྟགས་མ་གསར་པ་སྤྱོད་རྒྱུ་ཡིན་པ།
༄༅།།ཀྲུང་གོས་ཕྱི་ཕྱོགས་རོགས་སྐྱོར་གྱི་མཚོན་རྟགས་དང་རྟགས་མ་གསར་པ་སྤྱོད་རྒྱུ་ཡིན་པ།