འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་25ཉིན།

༄༅།།མི་ཁྲི་བརྒྱ་ལ་ཉེ་བས་2020ལོའི་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་ཡིག་རྒྱུགས་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་25ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་24ཉིན། རྒྱལ་ཁབ་ཀྱི་གཞུང་ཞབས་པ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཀྲུང་དབྱང་གི་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི་2020ལོའི་ལོ་འཁོར་གྱི་གཞུང་ཞབས་པ་བསྡུ་བའི་ཡིག་རྒྱུགས་ཀྱི་སྤྱི་པའི་སློབ་ཚན་གྱི་ཡིག་རྒྱུགས་ཉིན་དེར་རྒྱལ་ཡོངས་ཀྱི་ཞིང་ཆེན་31(རང་སྐྱོང་ལྗོངས་དང་།  ཐད་སྐྱོང་གྲོང་ཁྱེར།)གི་གྲོང་ཁྱེར་57དང་། རྒྱུགས་ར་927དུ་དུས་གཅིག་ཏུ་སྤེལ་ཞིང་། ཁྱོན་མི་ཁྲི་96.5དངོས་སུ་ཡིག་རྒྱུགས་ནང་ཞུགས་ཡོད།
   ཐེངས་འདིའི་“རྒྱལ་ཁབ་ཀྱི་གཞུང་ཞབས་པའི་ཡིག་རྒྱུགས”ནི་གསར་དུ་བཟོ་བཅོས་བརྒྱབ་པའི་གཞུང་ཞབས་པའི་ཁྲིམས་ལག་བསྟར་བྱས་རྗེས་ཀྱི་ཀྲུང་དབྱང་ལས་ཁུངས་དང་དེའི་ཁོངས་གཏོགས་ལས་ཁུངས་ཀྱི་གཞུང་ཞབས་པ་བསྡུ་བའི་ཡིག་རྒྱུགས་ཐེངས་དང་པོ་དེ་རེད།  དེའི་ནང་མི་ཁྲི་2.4བསྡུ་རྒྱུའི་འཆར་གཞི་ཡོད་ཅིང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་86དང་།  ཐད་གཏོགས་ལས་ཁུངས་23དང་འབྲེལ་བ་ཡོད། ཁྱོན་ཡིག་རྒྱུགས་ནང་ཞུགས་མཁན་མི་ཁྲི་114.2ཡིས་ཡིག་རྒྱུགས་སྔོན་དུ་གྲོན་དངུལ་སྤྲད་ནས་གཏན་འཁེལ་བྱས་ཡོད་ཅིང་། མི་ཁྲི་96.5དངོས་སུ་ཡིག་རྒྱུགས་ནང་ཞུགས་ཡོད། ཡིག་རྒྱུགས་ནང་ཞུགས་ཚད་84.5%ཟིན་པ་དང་། ཡིག་རྒྱུགས་ནང་ཞུགས་མཁན་མི་གྲངས་དང་བསྡུ་བའི་འཆར་གཞིའི་བསྡུར་གྲངས་ནི་40 : 1ཙམ་ཡིན་པ་རེད།