འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་22ཉིན།

༄༅།།རང་རྒྱལ་གྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལས་འགན་ཕྱོགས་ཡོངས་ནས་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་22ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ནན་ཅིང་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། འཚོ་བའི་གད་སྙིགས་དང་འཚོ་བའི་བཙོག་ཆུ་གཙང་སེལ་དང་། གསང་སྤྱོད་གསར་བརྗེ་གཙོར་བྱས་པའི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་ས་གནས་ཁག་ཏུ་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད་པ་དང་། ལོ་སྟོད་དུ་རྒྱལ་ཡོངས་སུ་གསར་དུ་སྐྲུན་འགོ་ཚུགས་པའི་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་བཀོད་ཁྲི་5ལྷག་ཙམ་དང་། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་ཁྲི་9ལྷག་ཙམ། གྲོང་གསེབ་དུད་ཚང་གི་གསང་སྤྱོད་སྒྱུར་བཀོད་དུད་ཁྱིམ་ཁྲི་1000ལྷག་ཙམ་བཅས་ཡོད་པ་རེད།
     འདི་ནི་གསར་འགོད་པར་ཚེས་19ཉིན་ནན་ཅིང་དུ་འཚོགས་པའི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་མཐོ་རིམ་གླེང་སྟེགས་དང་གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེའི་ལག་རྩལ་གླེང་སྟེགས་ཐོག་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་གསར་པ་ཡིན་པ་རེད།
     ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ་ཡུས་ཤིན་རུང་གིས་གླེང་སྟེགས་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། 2018ལོའི་ལོ་མཇུག་ཏུ་འཚོགས་པའི་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག 2020ལོར་སླེབས་སྐབས“ཞིང་གསུམ”ལས་དོན་ཐད་ངེས་པར་དུ་དུས་བཀག་ལྟར་ལས་མཇུག་བསྡུས་ནས་རྩིས་སྤྲོད་དགོས་པའི་ལས་འགན་ལྕི་པོར་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་པ་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་ནི་དེའི་ཁྲོད་ཀྱི་རྣམ་གྲངས་གལ་ཆེན་ཞིག་རེད། ལས་དོན་དེ་ནི་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་སྣེ་ཁྲིད་དེ་སྒྲིག་འཛུགས་བྱས་པ་དང་ལོ་གཅིག་ལྷག་ཙམ་རིང་ས་གནས་ཁག་གི་དངོས་འཛིན་དངོས་སྒྲུབ་བྱས་ཤིང་། རྒྱ་ཆེའི་ཞིང་པ་མང་ཚོགས་ཧུར་ཐག་ཞུགས་ནས། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་འགན་ཁག་རིམ་བཞིན་སྒྲུབ་པ་རེད།
     ཡུས་ཤིན་རུང་གིས་ན་ནིང་གི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་80%ཡན་གྱི་སྲིད་འཛིན་གྲོང་ཚོའི་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་ནུས་ལྡན་ཐུབ་ནས་ཞིང་ཆེན་11ཞིབ་བཤེར་རྩིས་ལེན་ཐུབ་པ་དང་། 30%ཙམ་གྱི་ཞིང་དུད་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་ཐུབ་ནས་བཙོག་ཆུ་གང་བྱུང་དུ་ཕྱིར་འབུད་བྱེད་པའི་སྣང་ཚུལ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ། རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེ་བྱེད་ཚད་ཕྱེད་ཀ་ལྷག་ཙམ་ཟིན་པའི་ནང་། བཅུ་ཆ་དྲུག་ཡན་གནོད་མེད་ཅན་གྱི་འཕྲོད་བསྟེན་གསང་སྤྱོད་ལ་སྒྱུར་བཀོད་བྱས་ཡོད་ཅེས་བརྗོད་པ་རེད།
    “ལས་ཀའི་ཕན་འབྲས་ཀྱི་ཁྱབ་ཁྱོན་རྒྱུན་མེད་པར་རྒྱ་བསྐྱེད་པ་དང་བསྟུན་ནས་སྤྱི་ཚོགས་ཡོངས་ཀྱིས་གྲོང་གསབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་པའི་ཡིད་ཆེས་དང་ཆོད་སེམས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། གཞི་རིམ་ལས་བྱེད་པ་དང་ཞིང་པ་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད”ཅེས་ཡུས་ཤིན་རུང་གིས་བརྗོད་པ་རེད།
    འོན་ཀྱང་དེ་དང་དུས་མཚུངས་ཁོང་གིས་ལོ་རྒྱུས་ཀྱི་ཉམས་མྱོང་དཀོན་པ་དང་ཚན་རྩལ་ཞིབ་སྤེལ་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པས། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་འབྲེལ་ཡོད་ལག་རྩལ་ཐོན་རྫས་ཀྱི་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཤུགས་ཆེན་པོ་མེད། དཔེར་ན། གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེའི་ཐད་ཐན་པ་དང་གྲང་ངར་ཆེ་བ་སོགས་ཀྱི་དམིགས་བསལ་ས་ཁུལ་ལ་འཚམ་པའི་ལག་རྩལ་ཐོན་རྫས་དཀོན་པ་དང་། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་བྱེད་པའི་ཐད་ལའང་གྲོང་གསེབ་ས་ཁུལ་ལ་འཚམ་པ་དང་། འཛུགས་སྐྲུན་གྱི་མ་གནས་ཅུང་དམའ་བ། སྲུང་སྐྱོང་སྟབས་བདེ་བཅས་ཀྱི་སྒྲིག་བཀོད་དང་སྒྲིག་ཆས་མི་འདང་བ་བཅས་རེད་ཅེས་བརྗོད་པ་རེད།