འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་21ཉིན།

༄༅།།“གངས་འབྲུག་གཅེན་གཅུང་"གིས་ངང་པ་རེ་འཆང་གི་མདུན་ནས་ལྷོ་སྣེའི་གླིང་སྒྲོལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་21ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།“གངས་འབྲུག་གཅེན་གཅུང་"གིས་ངང་པ་རེ་འཆང་གི་མདུན་ནས་ལྷོ་སྣེའི་གླིང་སྒྲོལ་བ།
    མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཐེངས་36པའི་ལྷོ་སྣེའི་རྟོག་ཞིབ་རུ་ཁག་གི་རུ་མི་བླུགས་པའི་“གངས་འབྲུག”རྟགས་ཅན་དང་“གངས་འབྲུག་2”རྟགས་ཅན་གྱི་གླིང་སྣེ་རྟོག་ཞིབ་ཀྱི་དར་གཤགས་གྲུ་གཟིངས་ཀྱིས་ཟླ་11ཚེས་19ཉིན་ལྷོ་སྣེའི་གླིང་སྒྲོལ་བ་རེད། པེ་ཅིང་གི་དུས་ཚོད་ཚེས་20ཉིན་གྱི་ས་སྲིབ་མཚམས་སུ་ལྷོ་སྣེའི་གླིང་གི་ཀྲུང་ཧྲན་ས་ཚུགས་ཀྱི་ཕྱི་རའི་ལུའུ་ཡོན་འཁྱགས་ཁུལ་དུ་སླེབས་ནས་འཁྱགས་པ་གཏོར་ཏེ་མདུན་སྐྱོད་བྱེད།
 པེ་ཅིང་གི་དུས་ཚོད་ཚེས་19ཉིན་གྱི་ཆུ་ཚོད་20དང་སྐར་མ་28ལ། “གངས་འབྲུག་2”རྟགས་ཅན་གྱིས་ལྷོའི་འཕྲེད་ཐིག་ཏུའུ་66དང་སྐར་མ་33སྒྲོལ་ནས་ལྷོ་སྣེའི་གླིང་དུ་འཛུལ། བར་ཐག་མཚོ་ལེ་10(སྤྱི་ལེ་18.5)ཡོད་པའི་"གངས་འབྲུག”རྟགས་ཅན་དེར་སྙེག་ནས་ཡོད། “གངས་འབྲུག་གཅེན་གཅུང་"གིས་རུ་སྟར་སྒྲིག་ནས་ལྷོ་སྣེའི་གླིང་དུ་འཛུལ་དུས།  རྒྱུ་བཞིན་པའི་འཁྱགས་པ་འཕྲད་པ་དང་།  སྐབས་རེ་ངང་པ་རེ་འཆང་གཅིག་གམ་ཁྱུ་གྲུ་གཟིངས་ཀྱི་གཞོགས་གཉིས་ཀྱི་རྒྱུ་བཞིན་པའི་འཁྱགས་པའི་ཐོག་ནས་བལྟ་བཞིན་འདུག
【1】  【2】
༄༅།།“གངས་འབྲུག་གཅེན་གཅུང་"གིས་ངང་པ་རེ་འཆང་གི་མདུན་ནས་ལྷོ་སྣེའི་གླིང་སྒྲོལ་བ།