འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་21ཉིན།

༄༅༎“བདེ་ཐང་མྱུར་བགྲོད་རླངས་འཁོར”རི་གྲོང་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་21ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎“བདེ་ཐང་མྱུར་བགྲོད་རླངས་འཁོར”རི་གྲོང་དུ་བཏང་བ།
     ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ལིན་ཨན་ཆུས་ཧོ་ཆའོ་གྲོང་རྡལ་ནི་ཧང་ཀྲོའུ་ནུབ་རྒྱུད་རི་ཁུལ་གྱི་གྲོང་རྡལ་ཆུང་ངུ་ཞིག་རེད། ཉེ་བའི་ལོ་ཤས་རིང་ཧོ་ཆའོ་གྲོང་རྡལ་གྱིས་གྲོང་གསེབ་ཀྱི“རིག་གནས་ཚོགས་ཁང”གཞི་རྟེན་དུ་བྱས་ནས“བདེ་ཐང་བྱང་ཚད”གྲོང་ཚོར་ཁྱབ་གདལ་གཏོང་བའི་བྱེད་སྒོ་ཐེངས་མང་སྤེལ་བ་མ་ཟད། བདེ་ཐང་གཞུང་ལས་ཁང་དང་། འཕྲོད་བསྟེན་ཁང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། རྒྱ་གྲམ་དམར་རྟགས་ཚོགས་པ་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་གྲུབ་པའི“བདེ་ཐང་མྱུར་བགྲོད་རླངས་འཁོར་གྱི་ཏང་ཡོན་ཞབས་ཞུ་རུ་ཁག”བཙུགས་ནས་དུས་བཀག་ལྟར་གྲོང་ཚོར་བསྐྱོད་དེ་རི་གྲོང་གི་མི་སེར་ཚོར་སྒོ་རྩ་ནས་གཟུགས་པོར་བརྟག་དཔྱད་བྱས་པ་མ་ཟད་བདེ་ཐང་གི་འདུ་ཤེས་དུད་ཚང་ཁྲི་སྟོང་མང་པོར་བཙུགས་ནས་གྲོང་གསེབ་ཀྱི་མི་སེར་ཚོའི་བདེ་ཐང་གི་བྱང་ཚད་མཐོ་རུ་བཏང་ཞིང་།
     འདི་ནི་ཟླ་11ཚེས་19ཉིན། ཧང་ཀྲོའུ་གྲོང་ཁྱེར་ལིན་ཨན་ཆུས་ཧོ་ཆའོ་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཏང་ཡོན་དང་བླངས་པས་ཉི་ལུའོ་གྲོང་ཚོའི་གྲོང་མིར་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།