འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་21ཉིན།

༄༅༎བོད་ཀྱིས་ཁྲལ་རིན་གཉིས་གཅོག་ལ་བརྟེན་ནས་བོད་ཀྱི་གསོ་རིག་པ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་21ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཀྲུང་གོ་ཤིན་ཧྭ་གསར་འགྱུར་དྲ་བ་ལྷ་ས་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། “འདི་ལོ་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ལག་བསྟར་བྱས་ཚུན། རིམ་རྩིས་བྱས་ན། ང་ཚོར་ཁྲལ་དངུལ་སྒོར་ཁྲི་600ཆག་ཡང་བཏང་བ་དང་། ཐོན་སྐྱེད་གཞི་ཁྱོན་ཆེ་རུ་ཕྱིན་པ། ལས་ཞུགས་ཀྱི་ལས་གནས་མང་དུ་ཕྱིན་ཁར། མཐོ་སློབ་སློབ་ཐོན་སློབ་མ་62བསྡུས་ཡོད”ཅེས་བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཟླ་བ་ཚེ་རིང་གིས་བཤད། 
     ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དམིགས་སར་དོན་འཁྱོལ་ཞིབ་ཚགས་ཐུབ་རྒྱུ་འགན་ལེན་བྱ་ཆེད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་ལྗོངས་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཁྲལ་དོན་ཅུས་ཁྲལ་བསྡུ་དོ་དམ་ཁོའོ་ཡི་ཁོའོ་ཀྲང་འཇིགས་མེད་ཀྱིས། ང་ཚོའི་ཅུས་ཀྱིས་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དཔེར་ན། རེ་ཞུའི་དཔྱད་ཡིག་དོན་ཚན་36སྟབས་བདེ་རུ་བཏང་བ་དང་། ཁྲལ་གཉེར་བའི་དུས་ཚོད་30%བར་ཐུང་དུ་བཏང་བ། ཁྲལ་དོན་དཔང་ཡིག་དོན་ཚན་25མེད་པ་བཟོས་པ། དམངས་ཕན་ཁྲལ་གཉེར་གྲོན་བསྡུའི་བྱེད་ཐབས་དོན་ཚན་15བཏོན་པ། ཐེངས་གཅིག་ལ་གཉེར་ཐུབ་པའི་དོན་ཚན་གསར་དུ་བསྣན་པ། ཐོ་སུབ་དང་འཕྲལ་དུ་གཉེར་བའི་བྱེད་ཐབས་སྟབས་བདེ་རུ་བཏང་བ། ཞུ་གཏུག་སྒྲུབ་གཉེར་དུས་ཚོད་50%ཁུ་བསྡུ་སོགས་བྱས་པར་བརྟེན། ཁྲལ་འཇལ་མཁན་ཚོས་སྲིད་ཇུས་ཀྱི་ཕན་པ་དང་ཁྲལ་གཉེར་གྱི་སྟབས་བདེ་ལོངས་སུ་སྤྱོད་པའི་ཐད་ཀྱི་ཐོབ་ཚོར་ཆེ་རུ་ཕྱིན་ཡོད་ཅེས་བཤད།