འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་19ཉིན།

༄༅།།རང་རྒྱལ་གྱི་གནམ་ཐང་གྲུ་གཟིངས་ཨང་གཉིས་པ་ཐའེ་དབན་མཚོ་འགག་ནས་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་19ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་8ཉིན། མཚོ་དམག་གི་གསར་འགྱུར་མགྲིན་ཚབ་པ་ཁྲེན་ཏེ་ཝེས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་11ཚེས་7ཉིན། རང་རྒྱལ་གྱི་གནམ་ཐང་གྲུ་གཟིངས་ཨང་གཉིས་པ་བདེ་བླག་ངང་ཐའེ་དབན་མཚོ་འགག་ནས་བཏང་སྟེ་ལྷོ་རྒྱ་མཚོའི་འབྲེལ་ཡོད་མཚོ་ཁོངས་སུ་ཚན་ཞིབ་ཚོད་ལྟ་དང་རྒྱུན་ལྡན་གྱི་སྦྱོང་བརྡར་སྤེལ་བར་བསྐྱོད་པ་རེད། ཐེངས་འདིའི་རང་རྒྱལ་གྱིས་བཟོས་པའི་གནམ་ཐང་གྲུ་གཟིངས་ས་ཁུལ་བརྒལ་ནས་ཚོད་ལྟ་དང་སྦྱོང་བརྡར་བྱ་རྒྱུ་སྒྲིག་འཛུགས་བྱས་པ་དེ་གནམ་ཐང་གྲུ་གཟིངས་སྐྲུན་པའི་ཁྲོད་ཀྱི་རྒྱུན་ལྡན་གྱི་བཀོད་སྒྲིག་ཤིག་ཡིན་ཞིང་། ཆེད་བཙུགས་དམིགས་ཡུལ་གང་ལའང་དམིགས་པ་ཞིག་མིན་ལ་མིག་སྔའི་དུས་བབ་དང་འབྲེལ་བ་མེད་པ་རེད།