འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་19ཉིན།

༄༅༎གོ་ལ་ཧྲིལ་པོའི་ཀུན་འདུས་སྨྱན་སྦྱོར་གྱི་སྲུང་སྐར་མ་ལག་αདུས་མཚམས་ཀྱི་སྲུང་སྐར་Aདང་B
བདེ་བླག་ངང་འཕེན་གཏོང་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་19ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎གོ་ལ་ཧྲིལ་པོའི་ཀུན་འདུས་སྨྱན་སྦྱོར་གྱི་སྲུང་སྐར་མ་ལག་αདུས་མཚམས་ཀྱི་སྲུང་སྐར་Aདང་B
བདེ་བླག་ངང་འཕེན་གཏོང་བྱས་པ།
     ཟླ་11ཚེས་17ཉིན་གྱི་ཆུ་ཚོད་18དང་སྐར་མ་00ཐོག་རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་མྱུར་གྲུ་རྟགས་ཅན་དང་པོའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཀ་པས་མེ་ཤུགས་འཕུར་མདའ་གཅིག་དང་སྲུང་སྐར་གཉིས་ཀྱི་བྱ་ཐབས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་ཀུན་འདུས་སྨྱན་སྦྱོར་གྱི་སྲུང་སྐར་མ་ལག་αདུས་མཚམས་ཀྱི་སྲུང་སྐར་Aདང་B(KL-α-Aདང་KL-α-B)བར་སྣང་དུ་འཕེན་གཏོང་བྱས་པ་དང་སྲུང་སྐར་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་བདེ་བླག་ངང་སླེབས་ཏེ་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་རེད།