འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་17ཉིན།

༄༅༎བོད་ལྗོངས་ངམ་རིང་རྫོང་གིས་བྱ་ཐབས་སྣ་མང་སྤྱད་ནས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་17ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ▶ ངལ་ནུས་ཕྱིར་གཏོང“ངལ་ནུས”ནས“ལག་རྩལ”བར་འགྱུར་ལྡོག་གཏོང་བ་ཁྲིད་སྟོན་དུ་བྱས་པ་དང་། “དུས་ཚོད་དང་འཚམ་པ་དང་། ཡུལ་བབ་དང་བསྟུན་པ། འཇོན་ཐང་ཅན་སྤྱོད་ས་ཡོད་པ། དོན་དངོས། གོ་ཆོད། ཕན་པ་དངོས”བཅས་ཀྱི་རྩ་དོན་གཞིར་བཟུང་། ལོ་ན་མི་འདྲ་བ་དང་རིག་གནས་ཆུ་ཚད་མི་འདྲ་བའི་ཡིག་ཚགས་དང་གཱ་བཟོས་པའི་ངལ་ནུས་ལྷག་མར་དམིགས་ཏེ་ཕྱིར་གཏོང་བྱ་ཐབས་མི་འདྲ་བ་བཟོས་པ། 
     ▶ དོན་དངོས་དང་ཟུང་འབྲེལ་གྱིས“རོགས་དངུལ་བྱ་དགར་སྒྱུར་བའི”མ་དངུལ་དང་བྱ་དགའི་དོ་དམ་བྱ་ཐབས་ཞིབ་འཇུག་བྱས་ནས་བཟོས་ཏེ་མ་དངུལ་སྒོར་ཁྲི་1000ཡོད་པའི་བྱ་དགའི་ལམ་ལུགས་བཙུགས་པ།
     ▶ ནས་འདེབས་ལས་སྣོན་དང་། མི་ཐབས་རྩྭ་འདེབས། བཟང་བཟང་འབྲི་གཡག ཧོར་ལུག་གཞི་ཁྱོན་དང་ཚད་ལྡན་ཅན་གྱི་གསོ་ཚགས་སོགས་ཐོན་ལས་ཟུང་འབྲེལ་བྱས་ཏེ། ངམ་རིང་རྫོང་གིས་འདེབས་འཛུགས་དུད་ཆེན་དང་། ཁྱིམ་ཚང་འབྲོག་ར། འབྲོག་ལས་མཉམ་ལས་ཁང་སོགས་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱས་པ།
     འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་གིས་ངལ་ནུས་ཕྱིར་གཏོང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ལ་བརྩིས་ཏེ། རྩལ་ནུས་གསོ་སྦྱོང་གནད་སྨིན་ཅན་དང་། ཐོན་སྐྱེད་བྱ་དགའ་ལམ་སྲོལ་ཅན། ངལ་ནུས་ཕྱིར་གཏོང་རྩ་འཛུགས་ཅན། ཐོན་སྐྱེད་ལས་བགོས་ལུགས་མཐུན་ཅན་བཅས་མཐའ་འཁྱོངས་ཀྱིས། མི་འབོར་དབུལ་པོའི་ལས་ཞུགས་གནད་དོན་ཐག་གཅོད་ནུས་ལྡན་བྱས་པས། མང་ཚོགས་ཀྱི་འབབ་འཕར་བརྟན་པོར་སྐུལ་མ་ཐེབས་ཡོད།
     རྩལ་ནུས་གསོ་སྦྱོང་གནད་སྨིན་ཅན་གྱིས་ལས་ཞུགས་འཇོན་ཐང་ཆེ་རུ་བཏང་ཞིང་། ངམ་རིང་རྫོང་གིས་ངལ་ནུས་ཕྱིར་གཏོང“ངལ་ནུས”ནས“ལག་རྩལ”བར་འགྱུར་ལྡོག་གཏོང་བ་ཁྲིད་སྟོན་དུ་བྱས་པ་དང་། “དུས་ཚོད་དང་འཚམ་པ་དང་། ཡུལ་བབ་དང་བསྟུན་པ། འཇོན་ཐང་ཅན་སྤྱོད་ས་ཡོད་པ། དོན་དངོས། གོ་ཆོད། ཕན་པ་དངོས”བཅས་ཀྱི་རྩ་དོན་གཞིར་བཟུང་། ལོ་ན་མི་འདྲ་བ་དང་རིག་གནས་ཆུ་ཚད་མི་འདྲ་བའི་ཡིག་ཚགས་དང་གཱ་བཟོས་པའི་ངལ་ནུས་ལྷག་མར་དམིགས་ཏེ་ཕྱིར་གཏོང་བྱ་ཐབས་མི་འདྲ་བ་བཟོས་པ་དང་། མི་འབོར་དབུལ་པོའི་འདོད་འདུན་དང་དེ་བཞིན་ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་གྱིས་གསོ་སྦྱོང་སྒྲིག་གཞི་ཁག་དང་མཉམ་དུ་ལས་རིགས་རྩལ་ནུས་གསོ་སྦྱོང་དང་ཞིང་འབྲོག་པའི་མཁོ་ཆོད་ལག་རྩལ་གསོ་སྦྱོང་ཤུགས་ཆེན་བྱས་ཏེ། ཐབས་ལམ་མང་བ་དང་། རིམ་པ་མང་བ། རྣམ་པ་མང་བ་བཅས་ཀྱི་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་མ་ལག་བཏོད་པ་མ་ཟད། ལས་མི་སྤྱོད་པའི་དགོས་མཁོ་གཞིར་བཟུང་དམིགས་ས་ཡོད་པའི་སྒོ་ནས“མངགས་ཐོའི་རྣམ་པ”དང་། “གནས་གཏན་འཁེལ་གྱི་རྣམ་པ” “ལས་གནས་གཏན་འཇགས་ཀྱི་རྣམ་པ”བཅས་ཀྱི་རྩལ་ནུས་གསོ་སྦྱོང་ཤུགས་ཆེན་བྱས་ནས་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་འབྲེལ་མཐུད་རྩེ་གྲ་ཡོང་བར་བྱས་ཡོད།
     ཐོན་སྐྱེད་བྱ་དགའ་ལམ་སྲོལ་ཅན་གྱིས་ནང་སྐྱེས་སྒུལ་ཤུགས་སྤེལ་ཞིང་། ངམ་རིང་རྫོང་གིས་དོན་དངོས་དང་ཟུང་འབྲེལ་གྱིས“རོགས་དངུལ་བྱ་དགར་སྒྱུར་བའི”མ་དངུལ་དང་བྱ་དགའི་དོ་དམ་བྱ་ཐབས་ཞིབ་འཇུག་བྱས་ནས་བཟོས་ཏེ་མ་དངུལ་སྒོར་ཁྲི་1000ཡོད་པའི་ཆེད་དོན་བྱ་དགའི་ལམ་ལུགས་བཙུགས་ནས་ཐོན་སྐྱེད་བཟོ་སྐྲུན་དང་། རྩལ་ནུས་གསོ་སྦྱོང་། ཁེ་ལས་ཡིད་འགུག རང་བརྟེན་ལས་གཏོད་སོགས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་དཔེ་མཚོན་མི་སྣ་དང་ཁེ་ལས་ལ་བྱ་དགའ་སྤྲོད་པའི་ཐད་སྤྱད་ཡོད།
     ངལ་ནུས་ཕྱིར་གཏོང་རྩ་འཛུགས་ཅན་གྱིས་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་བཏང་ཞིང་། ངལ་ནུས་ཕྱིར་གཏོང“མི་སྒེར་གྱི་རྣམ་པ”ནས“རྩ་འཛུགས་ཀྱི་རྣམ་པ”ཅན་ལ་སྐུལ་འདེད་གཏོང་བའི་བླང་བྱ་གསར་པར་དམིགས་ཏེ། ངམ་རིང་རྫོང་གིས་ངམ་རིང་རྫོང་ཆུ་དགུ་ངལ་ནུས་མངགས་གཏོང་ཞབས་ཞུ་ཚད་ཡོད་ཀུང་སི་བཙུགས་ནས་གྲོང་ཚོའི་ངལ་ནུས་བར་ཁེ་བའི་དཔུང་ཁག་ཧུར་ཐག་བཙུགས་པ་དང་། ངལ་ནུས་མཁོ་སྤྲོད་དང་དགོས་མཁོའི་དབར་གྱི་འབྲེལ་ཟམ་བཙུགས་པས། གླ་པ་བྱེད་འདོད་ཡོད་པའི་ངལ་རྩོལ་ནུས་ཤུགས་རྣམས“ཕྱིར་འགྲོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ལས་ཀ་ལས་རྒྱུ་ཡོད་པ། དངུལ་གསོག་ཐུབ་པ”བཅས་བྱུང་ཡོད།
     ཐོན་སྐྱེད་ལས་བགོས་ལུགས་མཐུན་ཅན་གྱིས་ངལ་རྩོལ་ནུས་ཤུགས་དེ་བས་མང་བར་བཅིངས་འགྲོལ་བཏང་ཞིང་། ནས་འདེབས་ལས་སྣོན་དང་། མི་ཐབས་རྩྭ་འདེབས། བཟང་བཟང་འབྲི་གཡག ཧོར་པའི་ལུག་གཞི་ཁྱོན་དང་ཚད་ལྡན་ཅན་གྱི་གསོ་ཚགས་སོགས་ཐོན་ལས་ཟུང་འབྲེལ་བྱས་ཏེ། ངམ་རིང་རྫོང་གིས་འདེབས་འཛུགས་དུད་ཆེན་དང་། ཁྱིམ་ཚང་འབྲོག་ར། འབྲོག་ལས་མཉམ་ལས་ཁང་སོགས་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱས་ནས། ཞིང་འབྲོག་ལས་རྩ་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་ཆེས་ཆེར་བཏང་སྟེ། ཞིང་འབྲོག་ལས་ལུགས་མཐུན་ངང་ལས་བགོས་རོགས་ལས་དང་ཕྱུགས་རིགས་མཉམ་དུ་འཚོ་བ་དང་། རྩྭ་ར་ནུས་ལྡན་ངང་སྤྱོད་པར་སྐུལ་འདེད་བཏང་བས། ལས་ཀ་བསྐྱར་མ་བྱེད་དགོས་མ་བྱུང་བ་དང་ངལ་རྩོལ་ནུས་ཤུགས་གྲོན་ཆུང་ནུས་ལྡན་ཐུབ་སྟེ་ངལ་རྩོལ་ནུས་ཤུགས་ལྷག་མ་རྣམས་ཞིང་འབྲོག་ལས་ཐོན་སྐྱེད་ནས་བཅིངས་འགྲོལ་བཏང་བ་དང་། ལས་ཞུགས་གཞན་སྒྱུར་དང་ངལ་ནུས་ཕྱིར་གཏོང་བྱས་པ་བརྒྱུད་འབབ་འཕར་ཐབས་ལམ་སྔར་བས་ཡངས་སུ་བཏང་བས་འབབ་འཕར་དབུལ་སྒྲོལ་བརྟན་པོ་བྱུང་ཡོད།