འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་16ཉིན།

༄༅༎ཀྱག་ཀྱོག་གི་མཁའ་ལམ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་16ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི“རྒྱལ་མོ་རྔུལ་ཆུའི་གུག་ཆ་72”ཡིན་ལ། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་ཁོངས་སུ་གནས་ཤིང་། ཁྲོན་བོད་གཞུང་ལམ་རྒྱུད་ཀྱི་དཀའ་ཉེན་དང་མཛེས་སྡུག་མཉམ་གནས་ཀྱི་ལ་ཞིག་ཡིན་པ།
འདི་ནི“རྒྱལ་མོ་རྔུལ་ཆུའི་གུག་ཆ་72”ཡིན་ལ། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་ཁོངས་སུ་གནས་ཤིང་། ཁྲོན་བོད་གཞུང་ལམ་རྒྱུད་ཀྱི་དཀའ་ཉེན་དང་མཛེས་སྡུག་མཉམ་གནས་ཀྱི་ལ་ཞིག་ཡིན་པ།
     རིང་ཚད་ཧྲིལ་པོར་སྤྱི་ལེ་2000ལྷག་ཙམ་ཡོད་པའི་ཁྲོན་བོད་གཞུང་ལམ་ནི་ཁྲེང་ཏུའུ་ནས་ལྷ་སའི་བར་ཡིན་པ་དང་། འཕྲེད་བཅད་རི་བོ་དང་། རི་བོ་ཧི་མ་ལ་ཡ། གཉན་ཆེན་ཐང་ལྷ་བཅས་ཀྱི་བར་ནས་བརྒྱུད་སྐབས་ས་བབ་མཐོ་དམའི་ཁྱད་པར་ཆེ་ལ་ཀྱག་ཀྱོག་མང་བས་མཁའ་ལམ་གྱི་ཁྱད་འཕགས་མཛེས་ལྗོངས་ཤིག་ཏུ་གྱུར།
     ཁྲོན་བོད་གཞུང་ལམ་1954ལོའི་ཟླ་12ཚེས་25ཉིན་ཤར་གཏོང་ཐུབ་པ་དང་། ལོ་65ཡི་རིང་། རྒྱལ་ཁབ་ཀྱིས་ཁྲོན་བོད་གཞུང་ལམ་ལ་གཞི་ཁྱོན་ཆེན་པོས་སྒྱུར་བཀོད་རིམ་སྤོར་བྱས་ཏེ་ཟམ་པ་དང་ཕུག་ལམ་མང་པོ་བསྐྲུན་ནས་འགྲོ་སྐྱོད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།
འདི་ནི་རྒྱལ་ལམ་317བོད་ལྗོངས་ནག་ཆུ་གྲོང་ཁྱེར་སོག་རྫོང་གི་ལམ་དུམ་ཡིན་པ།
འདི་ནི་རྒྱལ་ལམ་317བོད་ལྗོངས་ནག་ཆུ་གྲོང་ཁྱེར་སོག་རྫོང་གི་ལམ་དུམ་ཡིན་པ།