འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་15ཉིན།

༄༅༎ཡུལ་སྨད་དུ་དཔེ་ཀློག་གི་སྲོལ་བཟང་དར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་15ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ཀྱིས་ཤང་གི“རྒྱལ་ཁབ་ཀྱི་སྒོ་མོའི་དཔེ་ཁང”ནང་དཔེ་དེབ་ལྟ་ཀློག་བྱེད་བཞིན་པའི་རྣམ་པ་ཡིན་པ།
འདི་ནི་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ཀྱིས་ཤང་གི“རྒྱལ་ཁབ་ཀྱི་སྒོ་མོའི་དཔེ་ཁང”ནང་དཔེ་དེབ་ལྟ་ཀློག་བྱེད་བཞིན་པའི་རྣམ་པ་ཡིན་པ།
     མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཚན་རིག་རིག་གནས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་ཆེད། བོད་ལྗོངས་ཀྱིས“དཔེ་ཀློག་བོད་ལྗོངས”ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་།  ཐོན་ཁུངས་བསྡུ་སྒྲིལ་བྱས་ནས“ཞིང་པའི་དཔེ་ཁང”དང་། “རྒྱལ་ཁབ་ཀྱི་སྒོ་མོའི་དཔེ་ཁང”སོགས་གཞི་རིམ་རིག་གནས་ཀྱི་གཡུལ་ས་བསྐྲུན་རྒྱུར་ཤུགས་བརྒྱབ་སྟེ་རིག་གནས་དམངས་ཕན་གྱི་འདུ་འགོད་དེ་མང་ཚོགས་ཀྱི་སེམས་ལ་གནས་པར་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་དཔེ་ཀློག་དང་སློབ་སྦྱོང་བྱེད་པའི་ཤེས་དཔལ་གྱི་དར་སྲོལ་བཟང་པོ་ཧུར་ཐག་བཏོད་ཡོད།