འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་13ཉིན།

༄༅༎ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《2019—2023ལོའི་རྒྱལ་ཡོངས་ཀྱི་ཏང་ཡོན་
སློབ་གསོའི་གསོ་སྦྱོང་གི་ལས་དོན་འཆར་འགོད》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་13ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《2019—2023ལོའི་རྒྱལ་ཡོངས་ཀྱི་ཏང་ཡོན་སློབ་གསོའི་གསོ་སྦྱོང་གི་ལས་དོན་འཆར་འགོད》བཀྲམ་པ་མ་ཟད་བརྡ་ཐོ་ཡང་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
     སྤྱིའི་བླང་བྱ་སྟེ། ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་ལས་དོན་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ། དད་སེམས་བརྟན་གཏོང་དང་། ཏང་གཤིས་ཆེར་གཏོང་། བྱང་ཚད་མཐོར་གཏོང་བཅས་གཙོ་གནད་དུ་བྱེད་པ། བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་བྱེད་པ་དང་། རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་བ། ཏང་ནན་པོས་སྐྱོང་རྒྱུ་བཅས་མཐའ་འཁྱོངས་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། རིགས་དབྱེ་མཛུབ་ཁྲིད་དང་དགོས་མཁོར་གཞིགས་ནས་སློབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། དོན་དངོས་དང་ཟུང་འབྲེལ་དང་གསར་གཏོད་རྒྱུན་འཛིན་བྱ་རྒྱུ་མཐའ་འཁྱོངས། ལས་སླ་སྤྱོད་བདེ་དང་དངོས་སྒྲུབ་གོ་ཆོད་མཐའ་འཁྱོངས་བཅས་བྱེད་པའི་ཁར་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཏང་ཡོན་ལ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ཆབ་སྲིད་ཚད་ལོན་པ་དང་། སྒྲིག་ཁྲིམས་ལག་བསྟར་ཚད་ལོན་པ། ཀུན་སྤྱོད་ཚད་ལོན་པ། ནུས་པ་འདོན་སྤེལ་ཚད་ལོན་པ་བཅས་ཀྱི་ཏང་ཡོན་དཔུང་ཁག་ཧུར་ཐག་གཏོད་དགོས་པ་དེ་རེད།
     2019ལོ་ནས་བཟུང་ལོ་5ཡི་དུས་ཚོད་ནང་། འཆར་གཞི་ཡོད་པ་དང་། རིམ་པ་དབྱེ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ཏང་ཡོན་ལ་སློབ་གསོ་གསོ་སྦྱོང་བྱས་ཏེ་ཏང་ཡོན་ཚང་མར་ཕྱོགས་ཡོངས་ནས་རེས་སྐོར་སྦྱོང་བརྡར་ཐེངས་རེ་བྱས་ཏེ་གཤམ་གསལ་གྱི་ལས་ཀའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས་པ་སྟེ།
     —— ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་སློབ་གསོ་སྔར་བས་ཏན་ཏིག་དང་གཏིང་ཟབ་སྤེལ་ནས། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་མི་སེམས་ལ་སྔར་བས་གཏིང་ཟབ་ཟུག་པར་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་ཚོས་རང་རྟོགས་ངང་བསམ་བློ་གསར་པ་ལག་བསྟར་དང་། དུས་རབས་གསར་པ་དང་མཐུན་པ། ནུས་པ་གསར་པ་འདོན་པ་བཅས་ཀྱི་ཁར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག་འདོད་བློ་གཅིག་གྱུར་དང་། བྱ་སྤྱོད་གཅིག་གྱུར། གོམ་སྟབས་གཅིག་གྱུར་བཅས་ཀྱི་སྒོ་ནས་མདུན་ཕྱོགས་སུ་སྐྱོད་དགོས་པ་དང་།
     —— སློབ་གསོ་གསོ་སྦྱོང་གི་ཕན་འབྲས་སྔར་བས་མངོན་གསལ་དོད་དུ་བཏང་སྟེ། རྒྱ་ཆེའི་ཏང་ཡོན་ཚོས་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་གཏོང་བ་དང་། ཏང་གཤིས་ཀྱི་ལྟ་བ་སྔར་བས་ཟབ་ཏུ་གཏོང་བ། དམིགས་ཡུལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། ནུས་པའི་བྱང་ཚད་སྔར་བས་མཐོ་རུ་གཏོང་བ། སྒྲིག་ཁྲིམས་དང་སྤྱོད་ཚུལ་སྔར་བས་ཉམས་སད་ཐེག་ཐུབ་པ། སྔོན་ཐོན་དཔེ་བཟང་གི་ནུས་པ་སྔར་བས་འདོན་སྤེལ་བྱེད་དགོས་པ།
     —— དུས་རབས་གསར་པའི་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་གི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། གཅིག་སྡུད་གསོ་སྦྱོང་རིམ་བཞིན་རྒྱུན་རྣམ་ཅན་ལ་འགྱུར་བ་དང་རྒྱུན་གཏན་གྱི་སློབ་གསོ་སྔར་བས་ཚད་ལྡན་ཅན་ལ་འགྱུར་བ་བྱས་ནས་སློབ་གསོ་དེ་དོ་དམ་དང་། ལྟ་སྐུལ། ཞབས་ཞུ་བཅས་ཕན་ཚུན་ཟུང་དུ་འབྲེལ་བའི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་གི་ལས་ཀའི་སྦྲེལ་ཐག་གཅིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།