འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་11ཉིན།

༄༅།།ཅི་ལིན་ཁྲང་ཁྲུན་དུ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་11ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་10ཉིན། གསར་འགོད་པས་ཁྲང་ཁྲུན་ཅིན་གཡོད་ཆུས་འགྲིམ་འགྲུལ་ཉེན་རྟོགས་རུ་ཁག་ནས་ཤེས་རྟོགས་བྱུང་གསལ། ཟླ་11ཚེས་10ཉིན་གྱི་ཆུ་ཚོད་15ཙམ་ལ། གཞུང་ལམ་G334(ལུང་ཏུང་)གྱི546KM+500Mཐོག་ཏུ། འགྲིམ་འགྲུལ་དོན་རྐྱེན་ཅིག་བྱུང་བ་སྟེ། ཚོང་ཟོག་ཨར་འདམ་བླུགས་པའི་རླངས་འཁོར་ཆེན་པོ་ཞིག་དང་མགྲོན་འཁོར་ཆུང་བ་ཞིག་གདོང་གཏུག་བྱུང་ཞིང་། ཚེས་10ཉིན་གྱི་ཆུ་ཚོད་21ཙམ་བར། མི་8རྐྱེན་ལམ་དུ་ཤོར་བ་དང་། མི་6ལ་རྨས་སྐྱོན་ཕོག
     མིག་སྔར། རྨས་སྐྱོན་ཕོག་མཁན་ལ་ནུས་ཤུགས་ཡོད་རྒུས་སྨན་བཅོས་བྱེད་བཞིན་ཡོད་པ་དང་། དོན་རྐྱེན་བྱུང་དོན་རྟོག་ཞིབ་བྱེད་སྒང་རེད།