འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་11ཉིན།

༄༅༎བོད་ཀྱི་བརྗོད་དོན་གྱི་མཉམ་སྒྲོག་རོལ་དབྱངས་པེ་ཅིང་དུ་འཁྲབ་སྟོན་བྱས་པར་དགའ་བསུ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་11ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ཕུལ་བྱུང་རིག་གནས་བརྒྱུད་སྤེལ་བྱ་རྒྱུ་དམིགས་ཡུལ་དུ་བྱེད་པའི་མཉམ་སྒྲོག་རོལ་དབྱངས་འདུ་ཚོགས་ཆེ་གྲས《མེས་རྒྱལ། བཀྲ་ཤིས་བདེ་ལེགས》ཞེས་པ་ཉེ་ཆར་པེ་ཅིང་རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་འཁྲབ་སྟོན་བྱས་པ་རེད། དམག་སྡེ་བཅོ་བརྒྱད་པའི་རྒྱུད་པ་དང་། བོད་ལྗོངས་འཛུགས་སྐྲུན་ལ་ལེགས་སྐྱེས་ཕུལ་མྱོང་བའི་ལས་རིགས་ཁག་གི་མི་སྣ་སོགས་1500ལྷག་ཙམ་གྱིས་ལེ་ཚན་བལྟས་པ་རེད།
     བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་། ཡུལ་སྐོར་འཕེལ་རྒྱས་ཐིང་། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་དབྱང་རོལ་དབྱངས་སློབ་གླིང་སོགས་ཚན་པས་གཉེར་རོགས་བྱས་པ། བོད་ལྗོངས་རོལ་དབྱངས་མ་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་སིས་སྒྲུབ་འགན་འཁུར་བ་ཞིག་རེད། རོལ་དབྱངས་འདུ་ཚོགས་ཀྱིས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རོལ་དབྱངས་གཞིར་བྱས་པ་དང་། 《ང་སླེབས་ཡོད། བོད་ལྗོངས》དང་། 《ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན》 《ལྷ་སའི་མཚན་ལྗོངས་མཛེས》ཞེས་པ་སོགས་ལེ་ཚན་12བརྒྱུད་བོད་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་གསར་བརྗེའི་གླུ་གཞས་རྩེ་གྲས་ལྟེ་བར་བྱས་ཏེ་བོད་ཀྱི་རིག་གནས་ཁྱབ་སྤེལ་ཤུགས་ཆེན་གཏོང་བ་དང་བོད་ཀྱི་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བྱས་ནས་ད་ཆའི་བོད་ལྗོངས་ཀྱི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་མངོན་པར་བྱས་ཡོད།
     བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཀྲའོ་ཝུའུ་ཡིས“ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཡིན་ལ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཡང་རེད། བོད་ཀྱི་སྡེ་ཚན་མང་པོས་རོལ་དབྱངས་འདུ་ཚོགས་དེར་ཇུས་འགོད་ཞིབ་ཚགས་བྱས་ནས་ས་གནས་དེ་གའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བརྒྱུད་སྤེལ་བྱས་པ་མ་ཟད། རིག་རྩལ་གཞི་རྟེན་དུ་བྱས་ཏེ་ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་བོད་ལ་གནམ་ས་བླ་འོག་ཏུ་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཚུལ་དྲིལ་བསྒྲགས་བྱས་ཡོད”ཅེས་བརྗོད་པ་དང་། བོད་ཀྱི་རིག་རྩལ་བརྩམས་ཆོས་པེ་ཅིང་དུ་འགྲེམས་འཁྲབ་བྱས་ནས་ནང་སའི་ལྟད་མོ་བར་བོད་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་གསར་ཤོས་ངོ་སྤྲོད་བྱས་པ་མ་ཟད། རིག་གནས་གཞི་རྟེན་དུ་བྱས་ཏེ་ལྟད་མོ་བས་བོད་ལ་ཤེས་རྟོགས་བྱེད་ཚད་ཟབ་ཏུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་མ་བཏང་ཡོད་ཅེས་བརྗོད།
     ས་གནས་ས་ཐོག་ཏུ་འཁྲབ་སྟོན་ལ་ལྟད་མོ་ལྟ་མཁན་དམག་སྡེ་བཅོ་བརྒྱད་པའི་རྒྱུད་པ་ཀྲང་ཞའོ་ཁང་གིས“རོལ་དབྱངས་འདུ་ཚོགས་ཐོག་གཞས་རྙིང་པ་ཡོད་ལ་གཞས་གསར་པའང་ཡོད་པས། ལྟད་མོ་ལྟ་དུས་མཐོང་ཐོས་གསར་པ་ཞིག་བྱུང་།” “ཕ་རབས་ཚོའི་ཤུགས་རྐྱེན་འོག་ང་ཚོ་བོད་ལ་བརྩེ་དུང་ཟབ་མོ་ཡོད། ནང་སར་བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ལེ་ཚན་དེ་བས་མང་བ་མཐོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བཤད།