འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་11ཉིན།

༄༅།།ཤང་ཀང་གི་ཁྲིམས་འཛུགས་ཨུ་ལྷན་གྱི་གྲོས་མི་མང་པོས་《ཁྲིམས་འཛུགས་ཨུ་ལྷན་གྱི་(དབང་
ཆ་དང་དམིགས་བསལ་དབང་ཆའི་)སྲོལ་ཡིག་》ལས་འགལ་བས་བཀག་ཉར་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་11ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་9ཉིན། ཤང་ཀང་གི་ཉེན་རྟོགས་ཕྱོགས་ཀྱིས་ར་སྤྲོད་བྱས་དོན། ཀྲུའུ་ཁའེ་ཏི་སོགས་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ཨུ་ལྷན་གྱི་གྲོས་མི་7གྱིས《ཁྲིམས་འཛུགས་ཨུ་ལྷན་གྱི་(དབང་ཆ་དང་དམིགས་བསལ་དབང་ཆའི)སྲོལ་ཡིག་ལས་འགལ་བས་ཉེན་རྟོགས་ཕྱོགས་ཀྱིས་བཀག་ཉར་རམ་བཀག་ཉར་སྔོན་བརྡ་བཏང་ཡོད།
 ཉེན་རྟོགས་ཕྱོགས་ཀྱིས། ཉེན་རྟོགས་ཕྱོགས་ལ་ཟླ་5ཚེས་11ཉིན་གྱོད་དོན་སྙན་ཞུ་འབྱོར་ནས། མི་ཁག་གཅིག་གིས་ཁྲིམས་འཛུགས་ཨུ་ལྷན་གྱི་ཕྱོགས་བསྡུས་ཐོག་ཁང་ནང་དུ་ཚོགས་འདུ་འཚོག་རྒྱུར་བཀག་འགོག་བྱེད་བཞིན་འདུག་ཅེས་བཤད། བརྟག་དཔྱད་གཏིང་ཟབ་བྱས་རྗེས། ཟླ་11ཚེས་8ནས་9ཉིན་བར་གྱོད་འབྲེལ་སྐྱེས་པ་3བཀག་ཉར་བྱས་ཡོད་པ་བསྟན་པ་རེད།
     ཤང་ཀང་ཉེན་རྟོགས་ཕྱོགས་ཀྱིས་ཤིན་ཧྭ་གསར་འགྱུར་ཁང་གི་འདྲི་རྟོག་ལ་ལན་འདེབས་སྐབས་བསྟན་དོན། བཀག་ཉར་བྱས་པའི་མི་3ནི་ལོ་42ལ་སླེབས་པའི་རུས་མིང་ཀྲུའུ་ཞེས་པའི་སྐྱེས་པ་གཅིག་དང་། ལོ་47ལ་སླེབས་པའི་རུས་མིང་ཁྲེན་ཞེས་པའི་སྐྱེས་པ་གཅིག ད་དུང་ལོ་32ལ་སླེབས་པའི་རུས་མིང་ཆུས་ཞེས་པའི་སྐྱེས་པ་ཞིག་བཅས་ཡིན་པ་དང་། ཁོང་ཚོས་《ཁྲིམས་འཛུགས་ཨུ་ལྷན་གྱི་(དབང་ཆ་དང་དམིགས་བསལ་དབང་ཆའི་》སྲོལ་ཡིག་ལས་འགལ་བའི་ཉེས་པ་བསགས་ཡོད།
 ཉེན་རྟོགས་ཕྱོགས་ཀྱིས་ཁྲིམས་ལུགས་ཀྱི་བསམ་འཆར་འདྲི་རྩད་བྱས་རྗེས། ཚེས་9ཉིན་རུས་མིང་ཀྲུའུ་ཞེས་པར་《ཁྲིམས་འཛུགས་ཨུ་ལྷན་གྱི་(དབང་ཆ་དང་དམིགས་བསལ་དབང་ཆའི་)སྲོལ་ཡིག་ལས་འགལ་བའི་ཉེས་པ་བཞི་དང་། རུས་མིང་ཁྲེན་ཞེས་པའི་སྐྱེས་པར་《ཁྲིམས་འཛུགས་ཨུ་ལྷན་གྱི་(དབང་ཆ་དང་དམིགས་བསལ་དབང་ཆའི་)སྲོལ་ཡིག་ལས་འགལ་བའི་ཉེས་པ་གཉིས།  རུས་མིང་ཆུས་ཞེས་པའི་སྐྱེས་པར་《ཁྲིམས་འཛུགས་ཨུ་ལྷན་གྱི་(དབང་ཆ་དང་དམིགས་བསལ་དབང་ཆའི་)སྲོལ་ཡིག་ལས་འགལ་བའི་ཉེས་པ་བཞི་བཅས་ཡོད་པའི་ཞུ་གཏུགས་བྱས། གྱོད་གཞི་དེ་ཟླ་11ཚེས་11ཉིན་ཁྲིམས་ཁང་དུ་ཁྲིམས་ར་འཚོགས་རྒྱུ་རེད།
   སྐྱེས་པ་འདི་3ནི་ཁྲིམས་འཛུགས་ཨུ་ལྷན་གྱི་གྲོས་མི་ཀྲུའུ་ཁའེ་ཏི་དང་།  ཁྲེན་ཀྲི་ཆོན། ཆུས་ནའོ་ཞེན་བཅས་ཡིན་པ་ར་སྤྲོད་བྱས་པ་རེད།