འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་11ཉིན།

༄༅༎ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་ 
གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་བརྡ་ཐོ་བཏང་སྟེ། ཏང་ཡོན་ལས་བྱེད་པ་
སྒྲིག་འཛུགས་བྱས་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་ཀྱི་འགྲེམས་
སྟོན་ཆེ་གྲས་དང་དྲ་ཐོག་འགྲེམས་ཁང་ལ་ལྟ་སྐོར་བྱེད་དགོས་པའི་བླང་བྱ་བཏོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་11ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་བརྡ་ཐོ་བཏང་སྟེ་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བར་ཤུགས་སྣོན་རྒྱག་པ་དང་དེ་བཞིན་དོན་དངོས་དང་ཟུང་འབྲེལ་གྱིས་བྱེད་ཐབས་འོས་འཚམ་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས“རླབས་ཆེན་གྱི་ལོ་རྒྱུས། འོད་སྟོང་འབར་བའི་གྲུབ་འབྲས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་ཀྱི་འགྲེམས་སྟོན་ཆེ་གྲས”དང་དྲ་ཐོག་འགྲེམས་ཁང་ལ་ལྟ་སྐོར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
     བརྡ་ཐོའི་ནང་། ལྟ་སྐོར་བྱེད་སྒོ་སྒྲིག་འཛུགས་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་ནང་དོན་གལ་ཆེན་དུ་བརྩིས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཐད་ཀྱི་མྱོང་ཚོར་དངོས་ཟབ་ཏུ་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་སྔར་བས་བྱས་ཏེ། རྒྱལ་གཅེས་ཀྱི་བརྩེ་སེམས་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བློ་སྟོབས་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པའི་རང་རྟོགས་བྱ་སྤྱོད་དུ་དངོས་འབྲེལ་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
     ད་དུང་བརྡ་ཐོའི་ནང་། པེ་ཅིང་གྲོང་ཁྱེར་དང་པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ་སོགས་ཀྱི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་པེ་ཅིང་འགྲེམས་སྟོན་ཁང་ལ་དངོས་སུ་ལྟ་སྐོར་བྱེད་ཆོག པེ་ཅིང་ཕུད་པའི་ཏང་རྩ་འཛུགས་གཞན་དག་གིས་ཏང་ཀྲི་པུའུ་ཚན་པར་བྱས་ནས་མཉམ་སྡེབ་ཐོག་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་དྲ་ཐོག་འགྲེམས་ཁང་ལ་ལྟ་སྐོར་བྱེད་ཆོག་པ་མ་ཟད། བཞུགས་མོལ་ཚོགས་འདུ་དང་མཉམ་འགུལ་མཉམ་སྤྱོད་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་ནས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ཟབ་ཏུ་གཏོང་ཆོག་པའི་བླང་བྱ་བཏོན་ཡོད། དྲ་ཐོག་འགྲེམས་ཁང(guoqing70.cctv.com)ཟླ་9ཚེས་29ཉིན་སྤྱོད་འགོ་ཚུགས་པ་རེད།