འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་7ཉིན།

༄༅།།2018ལོར་རྒྱལ་ཡོངས་ཀྱི་སློབ་མའི་གཟུགས་གཞི་ཚད་ལེན་ཚོད་ལྟ་ལོན་ཚད་91.91%ཟིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་07ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། སློབ་མའི་གཟུགས་གཞི་བདེ་ཐང་གི་ཚད་གཞི་འཐེན་བཤེར་དང་བསྐྱར་ཞིབ་བྱས་པ་ལས་མངོན་པར་གཞིགས་ན། 2018ལོར་རྒྱལ་ཡོངས་ཀྱི་སློབ་མའི་གཟུགས་གཞི་ཚད་ལེན་ཚོད་ལྟ་ལོན་ཚད་91.91%ཟིན་ནས་ལེགས་ཚད་30.57%ཟིན་ཡོད། རང་རྒྱལ་གྱི་གཞོན་ནུ་ལོ་ཆུང་གི་གཟུགས་གཞི་འཚར་ལོངས་ཀྱི་ཆུ་ཚད་མུ་མཐུད་མཐོ་རུ་ཕྱིན་པ་དང་གློ་དབུགས་ཤོང་ཚད་གྱི་སྟོན་རྟགས་བརྟན་པོའི་ངང་འཕར་ནས་ནུས་ཤུགས་དང་ཤེད་ཤུགས་ཀྱི་བྱང་ཚད་སྟོན་རྟགས་བརྟན་པོའི་ངང་ལེགས་སུ་ཕྱིན་ཡོད། དེ་ནི་གསར་འགོད་པས་ཚེས་5ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པ་ཞིག་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། 2016ལོ་ནས་2018ལོ་བར། རྒྱལ་ཡོངས་ཀྱི་སློབ་མའི་གཟུགས་གཞི་བདེ་ཐང་གི་གནས་ཚུལ་ཐད་སྤྱིའི་ཆ་ནས“བརྟན་པོའི་ངང་འཕར་བའི”རྣམ་པ་མངོན་ཞིང་། ཚད་མ་ལོངས་པའི་ཚད་གཞི་12.0%ནས་11.3%བར་ཆག་ནས་ཆག་ཚད་བརྒྱ་ཆའི་གྲངས་0.7ཟིན་པ་དང་། ཅུང་ལེགས་ཚད་21.9%ནས་24.1%བར་འཕར་ནས་འཕར་ཚད་བརྒྱ་ཆའི་གྲངས་2.2ཟིན་པ། ལེགས་ཚད་4.6%ནས་6.2%བར་འཕར་ནས་འཕར་ཚད་བརྒྱ་ཆའི་གྲངས་1.7ཟིན་ཡོད།