འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་6ཉིན།

༄༅༎ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་06ཉིན། 12:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཕོ་བྲང་པོ་ཏ་ལའི་ལོ་གཅིག་དུས་གཅིག་གི་སྐུ་དཀར་གསོལ་བའི་ལས་ཀ་འགོ་ཚུགས་པ་དང་དེའང་ཕོ་བྲང་པོ་ཏ་ལའི་ལོ་འཁོར་གྱི་འཆར་ཅན་མཛེས་བཟོ་ཞིག་རེད།
     སྒལ་པར་དཀར་རྩིའི་སྣོད་འཁྱེར་བའི་དང་བླངས་པ་བརྒྱ་ཕྲག་ཁ་ཤས་ཀྱིས་སྐུ་དཀར་གསོལ་ཡུལ་དུ་བང་རིང་པོ་ཞིག་བསྒྲིགས་ནས་ལས་རོགས་བྱེད་ཅིང་། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་འབྱོར་ལྡན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལས་མི་60དང་དང་བླངས་པ་བརྒྱ་ཕྲག་གིས་སླད་ཕྱིན་ཉིན་10ཙམ་རིང་བརྗིད་ཉམས་ལྡན་པའི་ཕོ་བྲང་གི་གྱང་ངོས་སུ་སྐུ་དཀར་གསོལ་རྒྱུ་དང་དེའི་རིང་ཕོ་བྲང་པོ་ཏ་ལ་རྒྱུན་གཏན་བཞིན་ཡུལ་སྐོར་བར་སྒོ་མོ་དབྱེ་རྒྱུ་རེད།