འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་6ཉིན།

༄༅༎སྟོན་ཀ་དང་དགུན་ཁའི་མཚམས་སུ་དབུགས་ལམ་གྱི་གཅོང་ནད་ཕོག་སླ་བས། མཚོ་སྔོན་གྱི་རིགས་གཅིག་
མཁས་ཅན་གྱིས་ལུས་ལ་མ་འཕྲོད་པའི་རིགས་དང་ཐག་རིང་ཙམ་བྱེད་དགོས་པའི་དྲན་སྐུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་06ཉིན། 08:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ། གནམ་གཤིས་གྲང་དུ་སོང་བའི་སྐབས་སུ། ཟི་ལིང་གི་ཁྲོམ་གཞུང་དུ་ཁ་རས་རྒྱག་མཁན་རིམ་བཞིན་མང་དུ་སོང་བཞིན་ཡོད། གསོ་རིག་རིགས་གཅིག་མཁས་ཅན་གྱིས་བསྟན་དོན། གནམ་གཤིས་ཀྱི་ཤུགས་རྐྱེན་འོག ས་མཐོའི་ཁུལ་དུ་དབུགས་ལམ་གྱི་གཅོང་ནད་དང་ལུས་ལ་མི་འཕྲོད་པའི་ནད་ཕོག་མཁན་མང་དུ་འགྲོ་བཞིན་ཡོད་པས་དབུགས་ལམ་གྱི་གཅོང་ནད་ལ་མཐོང་ཆེན་བྱས་ཏེ་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་སྨན་བཅོས་བྱེད་དགོས།
     “མི་མང་དག་ཅིག་གིས་དབུགས་ལམ་གྱི་གཅོང་ནད་ཀྱི་ཐོག་མའི་ནད་རྟགས་ལ་ལྷོད་གཡེང་བཏང་སྟེ་སྨན་བཅོས་ནར་འགྱངས་བཏང་བས་ནད་གཞི་གཞན་བཟོ་ཡི་ཡོད”མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དབུགས་ལམ་ཚན་ཁག་གི་སྨན་རམས་པ་གཞོན་པ་ཆི་ལི་ཡཱ་ཡིས་དབུགས་འཚང་བའི་ནད་ཕོག་པའི་རྒྱུ་རྐྱེན་ལ་རྒྱུད་ཁྲིད་པ་དང་ལུས་ལ་མི་འཕྲོད་པ་སོགས་ཚུད་ཡོད། སྒོ་བསྟེན་སྨན་ཁང་གིས་བསྡོམས་རྩིས་བྱས་པར་གཞིགས་ན། ལུས་ལ་མི་འཕྲོད་པའི་རང་བཞིན་གྱི་དབུགས་འཚང་བའི་ནད་པ་80%ཚང་མ་ཐོག་མར་ལུས་ལ་མི་འཕྲོད་པའི་རང་བཞིན་གྱི་སྣ་བའི་གཉན་ཚད་ཕོག་པའི་དབང་གིས་འབྱུང་བ་ཞིག་རེད།
     གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་རྒྱུད་ཀྱི་དར་རྒྱས་ཆེ་བའི་གྲོང་ཁྱེར་དང་བསྡུར་ཚེ་མཚོ་སྔོན་ནི་ས་མཐོར་གནས་པས། མཁའ་རླུང་གི་སྤུས་ཚད་ལེགས་པོ་ཡོད། འོན་ཀྱང་མཁའ་རླུང་སྐམ་ཤས་ཆེ་བས་སྟོན་ཀ་དང་དགུན་ཁའི་དུས་ཚིགས་ཀྱི་མཁའ་རླུང་གྲང་མོས་དབུགས་ལམ་གྱི་མ་ལག་ལ་གནོད་སྐྱོན་ངེས་ཅན་ཞིག་བཟོ་ཡི་ཡོད། གཞན་ཡང་། མི་སེར་ཚོའི་ནང་དུ་ཟས་རིགས་དང་དངོས་རྫས་སྣ་ཚོགས་ཡོད་ལ། ཁྲོམ་གཞུང་གི་གཡས་གཡོན་དུ་སྐྱེ་དངོས་སྣ་མང་ཡོད་པས་མི་རྣམས་ཀྱིས་ལུས་ལ་མི་འཕྲོད་པའི་རིགས་ཐུག་ཚད་ཀྱང་ཇེ་མང་དུ་སོང་ནས་སྣ་བའི་གཉན་ཚད་དང་གྲེ་བའི་གཉན་ཚད་སོགས་དབུགས་ལམ་གྱི་གཅོང་ནད་ཕོག་ཚད་ཀྱང་དེ་བས་མང་དུ་སོང་ཡོད།
     ཆི་ལི་ཡཱ་ཡིས“ལུས་ལ་མི་འཕྲོད་པའི་དུས་ཚིགས་དང་འཆམ་ནད་ཕོག་སླ་བའི་དུས་ཚིགས་འཆར་རིམ་བཞིན་ང་ཚོས་ནད་པར་ཁ་རས་རྒྱག་དགོས་པའི་གྲོས་འགོ་བཏོན་གྱི་ཡོད། དེ་ལྟར་བྱས་ཚེ་ཕྱོགས་གཅིག་ནས་མཁའ་རླུང་གྲང་མོས་སྣའི་སྐྱི་མོར་མ་གནོད་སྔོན་འགོག་བྱེད་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་ལུས་ལ་མི་འཕྲོད་པའི་དངོས་རྫས་ཁག་གཅིག་འགོག་ཐུབ་ཀྱི་ཡོད། གཞན་ཡང་། ཐ་མག་ཉུང་ཙམ་འཐེན་པ་དང་། མཁའ་རླུང་ཤར་གཏོང་ཐུབ་པ། ཁང་པའི་ནང་གི་མཁའ་རླུང་བརླན་བཤེར་ལྡན་པ་བཅས་བྱེད་དགོས། ནད་གཞི་ཕོག་ཚེ་སྨན་པ་བསྟེན་ནས་ཚད་ལྡན་སྨན་བཅོས་བྱེད་པ་དང་། ལུས་ལ་མི་འཕྲོད་པའི་རིགས་དང་ཐག་རིང་ཙམ་བྱེད་པ་དང་། ཆུ་མང་ཙམ་འཐུང་བ། ལུགས་མཐུན་གྱི་བཟའ་བཏུང་བརྒྱུད་ལུས་པོའི་རིམས་འགོག་ནུས་པ་ཆེ་རུ་གཏོང་དགོས”ཞེས་བརྗོད།