འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་5ཉིན།

༄༅༎འདི་ལོར《འུན་ཤིང་ཀོང་ཇོ》ཐེངས་189འཁྲབ་ནས་འཁྲབ་མཇུག་འགྲིལ་བ།

《གྱིམ་ཤིང་ཀོང་ཇོ》མུ་མཐུད་འཁྲབ་སྟོན་བྱས་ནས་བོད་ཀྱི་དགུན་དུས་ཡུལ་སྐོར་ལ་རམ་འདེགས་བྱེད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་05ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་དངོས་སྦྱོང་ཟློས་གར《འུན་ཤིང་ཀོང་ཇོའི》འཁྲབ་སྟོན་བྱ་ཡུལ་ཡིན་པ།
འདི་ནི་དངོས་སྦྱོང་ཟློས་གར《འུན་ཤིང་ཀོང་ཇོའི》འཁྲབ་སྟོན་བྱ་ཡུལ་ཡིན་པ།
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་31ཉིན་གྱི་དགོང་མོ། ལྷ་ས་འུན་ཤིང་ཀོང་ཇོའི་ཟློས་གར་ཁང་དུ་འཁྲབ་སྟོན་པ་བརྒྱད་བརྒྱ་ལྷག་ཙམ་གྱིས་མཉམ་སྡེབ་འཁྲབ་སྟོན་འཁྲབ་མཇུག་འགྲིལ་ཞིང་། ཟློས་གར་ཁང་དུ་ལྟད་མོ་བ་ཚོའི་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་མེད་པར་གྲགས་པ་དང་བསྟུན་ནས། འདི་ལོའི་འཁྲབ་སྟོན་ཐེངས་189པ་སྟེ། འདི་ལོའི་དངོས་སྦྱོང་ཟློས་གར《འུན་ཤིང་ཀོང་ཇོའི》འཁྲབ་སྟོན་མཇུག་ཤོས་དེ་ཡང་བདེ་བླག་ངང་འཁྲབ་མཇུག་འགྲིལ་བ་རེད།
     གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། 《འུན་ཤིང་ཀོང་ཇོའི》ཆ་བསྒྲིགས་ཟློས་གར《གྱིམ་ཤིང་ཀོང་ཇོ》དངོས་སུ་འཁྲབ་སྟོན་བྱེད་འགོ་ཚུགས་ནས“དགུན་དུས་བོད་དུ་ཡུལ་སྐོར་བྱེད”པར་རམ་འདེགས་བྱས་ཏེ་དུས་གཏན་ཡུལ་སྐོར་གྱི་བཀོད་པ་ཞིག་གཏོད་རྒྱུ་རེད།
     《འུན་ཤིང་ཀོང་ཇོའི》ནང་དོན་ནི་ལོ་ངོ་1300ལྷག་ཙམ་གྱི་གོང་གི་འུན་ཤིང་ཀོང་ཇོ་དང་སྲོང་བཙན་སྒམ་པོ་རྣམ་གཉིས་མཛའ་བརྩེའི་ངང་མཐུན་སྦྱོར་གཉེན་སྒྲིག་བྱས་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་དེ་ཡིན་པ་དང་། དེར་ཁྱོན་འཁྲབ་ཚན་5དང་འཁྲབ་ཡུན་སྐར་མ་90ཙམ་ཡོད་ལ། འཁྲབ་ཐེངས་རེར་ལྟད་མོ་བ་4000ལྷག་ཙམ་ལ་སྣེ་ལེན་ཞུ་ཐུབ་ཀྱི་ཡོད། གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོའི》ནང་བཙན་པོ་གཞན་ཞིག་དང་མཐུན་སྦྱོར་གཉེན་སྒྲིག་བྱས་པའི་ཐང་རྒྱལ་རབས་སྐབས་ཀྱི་ཀོང་ཇོ་སྟེ། གྱིམ་ཤིང་ཀོང་ཇོའི་ངོ་མཚར་ཆེ་བའི་གཏམ་རྒྱུད་ཞིབ་པར་བརྗོད་ཡོད།
     2013ལོར་འཁྲབ་སྟོན་ཐེངས་དང་པོ་བྱས་པ་ནས་བཟུང་། 《འུན་ཤིང་ཀོང་ཇོ》ཐེངས་1200ཙམ་འཁྲབ་སྟོན་བྱས་ནས་ལྟད་མོ་བ་མི་ཐེངས་ཁྲི་200ལྷག་ཙམ་ལ་སྣེ་ལེན་ཞུས་ཤིང་། འཛུགས་སྐྲུན་ལ་ཞུགས་པ་དང་། འཁྲབ་སྟོན་ལ་ཞུགས་པ། ལས་གཏོད་ལས་སྟེགས་མཁོ་འདོན་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ལས་ཞུགས་མི་སྣ་4000ལྷག་ཙམ་ཐད་ཀར་བསྡུས་པ་དང་གཞན་རྒྱུད་སྐུལ་ཁྲིད་བྱས་ཏེ། ཉེ་བའི་ལོ་ཤས་རིང་ལྷ་སའི་གསར་དར་ཡུལ་སྐོར་མིང་བྱང་གི་གྲས་ཤིག་དང་རིག་གནས་ཐོན་ལས་དབུལ་སྐྱོར་གྱི་དཔེ་མཚོན་ཞིག་ལ་གྱུར་ཡོད།
     ཕྱི་ལོར་ལྷ་སར་གནམ་གཤིས་དྲོ་རུ་སོང་བའི་སྐབས་སུ་《འུན་ཤིང་ཀོང་ཇོ》སླར་ཡང་ལྟད་མོ་བ་ཚོའི་སྤྱན་ལམ་དུ་འབུལ་རྒྱུ་རེད།