འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་4ཉིན།

༄༅༎ལམ་ཐག་ཧྲིལ་པོར་སྨི་13073དང་ས་བབ་མཐོ་ཤོས་ལ་སྨི་3500ཡས་མས་ཟིན་པའི་ཁྲོན་བོད་
ལྕགས་ལམ་བྲག་ཡིབ་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་04ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་2ཉིན་གྱི་ཆུ་ཚོད་9དང་སྐར་མ་50ཡི་ཐོག་ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་བྲག་ཡིབ་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་པ་དང་། འཛུགས་སྐྲུན་གྱི་བརྒྱུད་རིམ་གྱིས་ས་མཐོའི་ལྕགས་ལམ་གྱི་ཕུག་ལམ་རིའི་གཞོགས་གཅིག་ནས་སྨི་7015སྔོག་འདོན་གྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། བྲག་ཡིབ་ཕུག་ལམ་ཧྲིལ་པོའི་རིང་ཚད་ལ་སྨི་13073དང་། རམ་འདེགས་ཕུག་ལམ་གྱི་རིང་ཚད་ལ་སྨི་9481 ས་བབ་མཐོ་ཤོས་ལ་སྨི་3500ཡས་མས། ཕུག་ཐག་རིང་ཤོས་ལ་སྨི་2080 ས་དྲོད་མཐོ་ཤོས་ལ་ཧྲེ་ཧྲི་ཏུའུ་47ཙམ་བཅས་ཡིན་པ་རེད།
     ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་གྱི་ལམ་གཙོ་བོ་ཞིག་ཡིན་པའི་ངོས་ནས་མེ་འཁོར་བྲག་ཡིབ་ཕུག་ལམ་བརྒྱུད་པར་སྐར་མ་15ལས་འགོར་གྱི་མེད། དེས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་གྱི་ཡོད་ལ་ཁྲོན་བོད་ལྕགས་ལམ་སྔ་ཙམ་ཤར་གཏོང་ཐུབ་རྒྱུར་ཡང་རྨང་གཞི་བཏིང་ཡོད།