འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་4ཉིན།

༄༅༎རྒྱལ་ནང་གི་མཚོ་ཐོག་རླུང་གློག་འཕྲུལ་ཙུའུ་རྐྱང་པ་ཆེ་ཤོས་ཀྱི་གློག་ལམ་ཟླ་སྒྲིལ་ནས་གློག་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་04ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་1ཉིན་གྱི་དགོང་མོ་རླུང་ཤུགས་གློག་གཏོང་འཕྲུལ་ཙུའུ་ཡི་རླུང་གཤོག་དལ་གྱིས་འཁོར་བ་དང་སྦྲགས་ཀྲུང་གོ་ཀོང་ཧོ་ནུས་རྒྱུ་གསར་པའི་དབྱང་ཅང་ནན་ཧྥུང་གླིང་ཕྲན་གྱི་མཚོ་ཐོག་རླུང་གློག་རྣམ་གྲངས་ཀྱི་5.5MWརླུང་ཤུགས་གློག་གཏོང་འཕྲུལ་འཁོར་དང་པོའི་གློག་དྲ་ཟླ་སྒྲིལ་བཏང་ནས་གློག་གཏོང་འགོ་ཚུགས་པ་དེ་ལས་རྒྱལ་ནང་གི་འཕྲུལ་ཙུའུ་རྐྱང་པའི་ཤོང་ཚད་ཆེ་ཤོས་ཀྱི་མཚོ་ཐོག་རླུང་གློག་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་སྤྱོད་པའི་དུས་མཚམས་སུ་སླེབས་པ་མཚོན་ཡོད།
     མིག་སྔར་ཀོང་ཏུང་གི་མཚོ་ཐོག་རླུང་གློག་གི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཁྲི་18ཟིན་པ་དང་འདི་ལོ་སྐྲུན་བཞིན་པའི་རྣམ་གྲངས་ཀྱི་ཆན་ཝ་ཁྲི་150ཙམ་ཡིན་ཞིང་། “《ཀོང་ཏུང་ཞིང་ཆེན་གྱི་མཚོ་ཐོག་རླུང་གློག་འཕེལ་རྒྱས་འཆར་འགོད(2017ནས་2030ལོ་བར)(སྒྲིག་བཟོ)》གཞིར་བཟུང་། སྔོན་དཔག་བྱས་ན་2030ལོའི་ལོ་མཇུག་ཏུ་སླེབས་སྐབས་ཀོང་ཏུང་གི་མཚོ་ཐོག་རླུང་གློག་གི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་3000ཟིན་རྒྱུ་ཡིན་པ་དང་སྐབས་དེར་རྒྱལ་ཡོངས་ཀྱི་མཚོ་ཐོག་རླུང་གློག་གི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་མང་ཤོས་ཀྱི་ཞིང་ཆེན་དུ་འགྱུར་རྒྱུ་རེད”ཅེས་ཀོང་ཏུང་གློག་དྲ་འཐབ་ཇུས་འཆར་འགོད་པུའི་གློག་དྲ་གཙོ་བོའི་འཆར་འགོད་ཁོའོ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་པ་དང་ཁོང་གིས“ཆན་ཝ་ཁྲི་3000གི་མཚོ་ཐོག་རླུང་གློག་གི་གློག་འདོན་འཕྲུལ་འཁོར་ནས་ལོར་གློག་འདོན་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་900ཙམ་ཟིན་པ་དེ་ཏུང་ཀོན་གྲོང་ཁྱེར་གྱི་2018ལོའི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་སྤྱི་འབོར་ལས་མང་བ་དང་ཁྱིམ་ཚང་དཀྱུས་མས་ལོ་རེར་གློག་སྤྱོད་ཚད་ཏུའུ་3000སྤྱོད་པར་བརྩིས་ན་ཁྱིམ་ཚང་ཁྲི་3000ལ་ལོ་གཅིག་གི་གློག་གཏོང་ཐུབ་ཀྱི་ཡོད”ཅེས་བཤད་པ་རེད།