འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་4ཉིན།

༄༅༎《དངོས་གཞིའི་ཚན་ཁག་གི་རྩེར་སོན་སློབ་ཚན་འཛུགས་རྒྱུའི་སྐོར་གྱི་སློབ་གསོ་པུའི་ལག་བསྟར་བསམ་འཆར》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་04ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་བཀྲམ་པའི《དངོས་གཞིའི་ཚན་ཁག་གི་རྩེར་སོན་སློབ་ཚན་འཛུགས་རྒྱུའི་སྐོར་གྱི་སློབ་གསོ་པུའི་ལག་བསྟར་བསམ་འཆར》གཞིར་བཟུང་། སློབ་གསོ་པུས“རྩེར་སོན་དངོས་གཞིའི་ཚན་ཁག་གི་སློབ་ཚན་ཆིག་ཁྲི་ཟུང་གི་འཆར་གཞི”ལག་བསྟར་བྱ་རྒྱུ་དང་། རྒྱལ་ཁབ་རིམ་པའི་དངོས་གཞིའི་ཚན་ཁག་གི་རྩེར་སོན་སློབ་ཚན་ཆིག་ཁྲི་ཙམ་དང་ཞིང་ཆེན་རིམ་པའི་དངོས་གཞིའི་ཚན་ཁག་གི་རྩེར་སོན་སློབ་ཚན་ཆིག་ཁྲི་ཙམ་གཏན་འཁེལ་བྱ་རྒྱུ་རེད།
     དེའི་ནང་རྒྱལ་ཁབ་རིམ་པའི་དངོས་གཞིའི་ཚན་ཁག་གི་རྩེར་སོན་སློབ་ཚན་ཆིག་ཁྲི་ཙམ་གཏན་འཁེལ་བྱེད་པ་ནི་གསར་གཏོད་རང་བཞིན་དང་། མཉམ་འདུས་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལ་མཐོང་ཆེན་བྱེད་པའི་ཤེས་ལྡན་མི་སྣ་གསོ་སྦྱོང་གི་སློབ་ཚན་འཛུགས་སྐྱོང་གི་གསར་གཏོད་རང་བཞིན་དང་། དཔེ་སྟོན་སྣེ་ཁྲིད་རང་བཞིན། ཁྱབ་སྤེལ་རང་བཞིན་བཅས་ལ་ཟེར་ཞིང་། མཐོ་སློབ་ཀྱིས་གསོ་སྦྱོང་འཛུགས་སྐྱོང་གི་རྨང་གཞིའི་ཐོག་2019ལོ་ནས་2021ལོ་བར་རྒྱལ་ཁབ་རིམ་པའི་དྲ་ཐོག་གི་རྩེར་སོན་སློབ་ཚན་4000ཙམ(རྒྱལ་ཁབ་ཀྱི་རྩེར་སོན་དྲ་ཐོག་སྒོ་དབྱེའི་སློབ་ཚན)དང་། རྒྱལ་ཁབ་རིམ་པའི་དྲ་ཕྱིའི་རྩེར་སོན་སློབ་ཚན་4000ཙམ། རྒྱལ་ཁབ་རིམ་པའི་དྲ་ཐོག་དང་དྲ་ཕྱིའི་མཉམ་འདྲེས་རྣམ་པའི་རྩེར་སོན་སློབ་ཚན་6000ཙམ། རྒྱལ་ཁབ་ཀྱི་རྟོག་བཟོས་འདྲ་བཟོའི་ཚོད་ལྟའི་སློབ་ཁྲིད་ཀྱི་རྩེར་སོན་སློབ་ཚན་1500ཙམ། རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ལག་ལེན་གྱི་རྩེར་སོན་སློབ་ཚན་1000ཙམ་གཏན་འཁེལ་བྱེད་པའི་ལས་དོན་ལེགས་གྲུབ་བྱུང་ཡོད།
     《“ཆིག་ཁྲི་ཟུང་གི་འཆར་གཞིའི”རྒྱལ་ཁབ་རིམ་པའི་དངོས་གཞིའི་ཚན་ཁག་གི་རྩེར་སོན་སློབ་ཚན་འོས་སྦྱོར་གཏན་འཁེལ་བྱ་ཐབས》གཞིར་བཟུང་། དངོས་གཞིའི་ཚན་ཁག་དཀྱུས་མའི་མཐོ་སློབ་ཤེས་ལྡན་མི་སྣ་གསོ་སྐྱོང་ཇུས་གཞིའི་ནང་བཅུག་པ་དང་འབྲེལ་སློབ་སྐར་བཀོད་སྒྲིག་བྱས་པའི་དངོས་གཞིའི་ཚན་ཁག་གི་སློབ་ཚན་ཚང་མ་འོས་སྦྱོར་བྱེད་ཆོག་པ་དེའི་ནང་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཚན་དང་། སྤྱི་པའི་རྨང་གཞིའི་སློབ་ཚན། ཆེད་ལས་རྨང་གཞིའི་སློབ་ཚན། ཆེད་ལས་སློབ་ཚན། དེ་བཞིན་ཀུན་ཤེས་སློབ་ཚན་སོགས་ཁེར་རྐྱང་བཀོད་སྒྲིག་བྱས་པའི་དངོས་གཞིའི་ཚན་ཁག་གི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་དང་། ཚོད་ལྟའི་སློབ་ཚན། སྤྱི་ཚོགས་ལག་ལེན་སློབ་ཚན་སོགས་ཚུད་ཡོད།