འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་3ཉིན།

༄༅༎མཚོ་བོད་ས་མཐོའི“བར་སྣང་སྔོ་ཚལ་ཁང”

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་03ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     “རྒྱ་མ་242ཡོད་པའི་བར་སྣང་ནན་ཀྭ་ཆེན་པོ” “མཐོ་ཤོས་སྨི་5ལྷག་ཙམ་ཟིན་པའི་བར་སྣང་ཆེ་ཙི”སོགས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐུ་འབུམ་རྫོང་ཐེན་ཅཱ་ཀྲའེ་གྲོང་རྡལ་ཐེན་ཅཱ་ཀྲའེ་གྲོང་ཚོའི་གྲམ་ཐང་ནུབ་མའི་མཚོ་སྔོན་ཆན་ཙི་ཡོན་བར་སྣང་སྐྱེ་དངོས་དངོས་མང་བཤམས་སྟོན་གླིང་དུ། ཡུལ་སྐོར་བ་ཚོས“བར་སྣང་སྔོ་ཚལ”དེ་དག་ལ་ལྟ་བཞིན་ཧ་ལས་ཤིང་ཧང་སངས།
     “བར་སྣང་སོན་གསོ་ལ་རྒྱུད་འགྱུར་མང་ཞིང་འགྱུར་ཚད་ཆེ་བ་དང་། ཐོན་འབབ་མང་བ། སྤུས་ཀ་ལེགས་པ། སྨིན་སྔ་བ། ནད་འགོག་ནུས་པ་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། ང་ཚོར་ཁེ་སྤོགས་ཆེན་པོ་འདུག” “ལག་རྩལ་ཁོང་དུ་ཆུད་རྗེས་ཁྲོམ་རར་བཏོན་ནས་གཞི་ཁྱོན་ཆེན་པོ་འདེབས་ཆོག”ཅེས་ཐོན་ལས་གླིང་གི་དོ་དམ་མི་སྣ་ཞའོ་གཱ་དབྱང་གྲོང་ཚོའི་གྲོང་མི་ལི་ཧྲེང་ཀུའེ་ཡིས་ལས་ཀ་བྱེད་ཞོར་ངོ་སྤྲོད་བྱས་པ་རེད།
     ལོ་ཁ་ཤས་གོང་དུ། ལི་ཧྲེང་ཀུའེ་ཡི་འཚོ་བ་ཡག་པོ་མེད། ལི་ཧྲེང་ཀུའེ་ཡོད་སའི་གྲོང་ཚོ་ཐག་རིང་ལུང་ཁུག་ཏུ་གནས་ཤིང་འགྲིམ་འགྲུལ་སྟབས་བདེ་པོ་མེད་སྟབས་གྲོང་མི་ཚོ་མི་རབས་ནས་མི་རབས་བར་གནམ་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་ཀྱི་ཡོད། ལོ་རེར་ཡོང་འབབ་སྒོར་4000ལས་མེད་པའི་ལི་ཧྲེང་ཀུའེ་རྐང་པ་སྐྱོན་ཅན་ཡིན་པའི་ཁར་ཕ་མ་རྒན་རྒོན་དང་བུ་ཕྲུག་ཀྱང་གསོ་སྐྱོང་བྱེད་དགོས་པས། ཁོང་གི་འཚོ་བ་ཧ་ཅང་སྐྱོ་པོ་ཡོད་པ་རེད།
     ལི་ཧྲེང་ཀུའེ་ཡི་འཚོ་བ་དང་འདྲ་བར་ལོ་གསུམ་གྱི་གོང་དུ་གྲམ་ཐང་ནུབ་མ་ཡང་བེད་མེད་དུ་ལུས་པའི་ས་རྒོད་ཅིག་ཡིན་པ་རེད། “སྔོན་ཆད་གྲམ་ཐང་ནུབ་མ་ས་རྒོད་ཅིག་རེད” བྱེ་འགྱུར་ཚབས་ཆེ་བས་ལོ་ཏོག་སྐྱེ་གི་མི་འདུག “སྐབས་དེར་ས་རྒོད་འདི་གསར་སྤེལ་བྱེད་རྩིས་ཡོད་པ་ཐོས་འཕྲལ་གྲོང་མི་ཚང་མས་གྲལ་བསྒྲིགས་ནས་ས་ཆ་མུའུ་870ནང་བཤུག་བཏང་བ་རེད”ཅེས་མཚོ་སྔོན་ཆན་ཙི་ཡོན་བར་སྣང་སྐྱེ་དངོས་དངོས་མང་བཤམས་སྟོན་གླིང་གི་ཏུང་ཧྲི་ཀྲང་ཚའེ་ཡིའུ་ཕིང་གིས་དེ་ལྟར་བརྗོད།
     2016ལོ་ནས་བཟུང་། གྲམ་ཐང་ནུབ་མར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ས་ཞིང་བཅོས་སྒྲིག་དང་ས་རྒྱུ་ལེགས་སུ་བཏང་ནས། དེང་རབས་ཞིང་ལས་འཕེལ་རྒྱས་བཏང་བ་རེད། ལོ་གསུམ་རིང་འཕེལ་རྒྱས་བཏང་བ་བརྒྱུད། ད་ཆ་གྲམ་ཐང་ནུབ་མ་དེ་མུའུ་6600དང་ལས་མི་309ཡོད་པའི་དེང་རབས་ཅན་དང་། རིག་གནས་ཡུལ་སྐོར། ཚན་ཞིབ་བེད་སྤྱོད་བཅས་གཞི་གཅིག་ཏུ་བསྡུས་པའི་དབུལ་སྐྱོར་ཐོན་ལས་གླིང་ཞིག་ཏུ་གྱུར་ཡོད་པ་རེད།
     2017ལོར། རྒྱལ་ཁབ་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་པ་དང་བསྟུན་ནས། ལི་ཧྲེང་ཀུའེ་ཡི་འཚོ་བར་ཡང་གྲམ་ཐང་ནུབ་མ་དང་འདྲ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་རེད། ཞའོ་གཱ་དབྱང་གྲོང་ཚོ་རི་ཁུག་ནས་ཐེན་ཅཱ་ཀྲའེ་གྲོང་རྡལ་དང་ཐག་མི་རིང་བའི་ཏུང་ཧོ་གྲོང་གསར་དུ་སྤོས་ཤིང་། ལི་ཧྲེང་ཀུའེ་དང་ཁོང་གི་བཟའ་ཟླ་གཉིས་ཀྱང་ཞིང་པ་ཞིག་ནས་ཞིང་ལས་ཚན་རྩལ་དངོས་མང་བཤམས་སྟོན་གླིང་གི་ལས་མིར་གྱུར་པ་རེད།
     ཚའེ་ཡིའུ་ཕིང་གིས། དངོས་མང་བཤམས་སྟོན་གླིང་གིས་དབུལ་སྐྱོར་ཐོན་ལས་ཀྱི་མ་དངུལ་མ་རྐང་དུ་བཞག་ནས་ཁེ་སྤོགས་བགོ་བ་དང་། ས་ཆ་བརྒྱུད་བཤུག་གཏོང་བ། ངལ་ནུས་ཕྱིར་གཏོང་བྱེད་པ་སོགས་བརྒྱུད། གླིང་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ལི་ཧྲེང་ཀུའེ་དང་འདྲ་བའི་དུད་ཚང་དབུལ་པོ་718བསྡུས་ནས། མཐའ་འཁོར་གྱི་གྲོང་ཚོ་དབུལ་པོ་28ལ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་10ཚེས་24ཉིན་འབྱོར་པའི་གློག་འཕྲིན།