འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་1ཉིན།

༄༅༎རི་ཁུལ་དུ་མཛེས་སྡུག་ལྡན་པའི་སློབ་ཁང་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་01ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎རི་ཁུལ་དུ་མཛེས་སྡུག་ལྡན་པའི་སློབ་ཁང་བསྐྲུན་པ།
     1961ལོའི་ཟླ་9པར་བསྐྲུན་པའི་ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་ཏ་ཧྥང་རྫོང་མའོ་ཁྲང་གྲོང་རྡལ་ཅིང་ཁའུ་གྲོང་ཚོའི་ཅིང་ཁའུ་སློབ་ཆུང་གི་མཐའ་འཁོར་ཚང་མ་ཐང་རྒོད་ཡིན་པ་དང་། དེ་གར་སློབ་ཁྲིད་ཆ་རྐྱེན་ཧ་ཅང་ཞན་ཞིང་། དགེ་རྒན་དཀོན་པ་དང་། སློབ་ཁང་ཉུང་བ། ཤིང་ལེབ་ཀྱིས་སྒྲོག་ཙེ་བྱེད་པ། ཨར་འདམ་ས་ཕག་གིས་རྐུབ་སྟེགས་བྱེད་དགོས་ཀྱི་ཡོད། ད་ཕན་ལོ་ཤས་རིང་། དབུལ་སྒྲོལ་འགག་སྒྲོལ་གྱི་གོ་སྐབས་བཟང་པོ་དང་བསྟུན་ནས་ཡུལ་དེའི་སྲིད་གཞུང་གིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་400ལྷག་ཙམ་བཏང་ནས་ཆ་རྐྱེན་གྱིས་དབེན་པའི་ཅིང་ཁའུ་གྲོང་ཚོར་སློབ་ཁྲིད་ཐོག་ཁང་དང་། སློབ་མའི་ཟ་ཁང་། གསང་སྤྱོད་བཅས་བསྐྲུན་པ་རེད། དུས་དེ་ནས་བཟུང་དེ་སྔོན་གྱི་ཤིན་ཏུ་དབུལ་བའི་གྲོང་ཚོ་དེའི་སློབ་ལོ་ལོན་པའི་བྱིས་པ་ཚོར་གཙང་ཞིང་ཡིད་དུ་འོང་བ་དང་སྒྲིག་བཀོད་ཆ་ཚང་བའི་སློབ་ཁང་ཞིག་བྱུང་ཞིང་། འདི་ནི་ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་ཏ་ཧྥང་རྫོང་མའོ་ཁྲང་གྲོང་རྡལ་ཅིང་ཁའུ་གྲོང་ཚོའི་ཅིང་ཁའུ་སློབ་ཆུང་གི་བུ་བཅོལ་ཁང་དུ་ཕྲུ་གུ་ཚོའི་གདོང་ནས་འཛུམ་མདངས་འཕྱུར་བཞིན་པ།