འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་1ཉིན།

༄༅༎རང་རྒྱལ་གྱིས་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་ཁྲི་1.18བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་01ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ▶ རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ས་ཚིགས་10དང་། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་474 རྒྱལ་ཁབ་རིམ་པའི་གྲགས་ཅན་མཛེས་ལྗོངས་ཁུལ་244བཅས་ཚུད་ཡོད། འཛམ་གླིང་གི་རང་བྱུང་ཤུལ་བཞག་14དང་། འཛམ་གླིང་གི་རང་བྱུང་དང་རིག་གནས་ཤུལ་བཞག་4 འཛམ་གླིང་གི་ས་གཤིས་སྤྱི་གླིང་39བཅས་ཡོད་པ་དེ་དག་གི་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།
     འདི་ག་ཚགས་པར་ཁང་དུ་ཧྲེན་ཀྲེན་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན། གསར་འགོད་པར་ཀྲུང་གོའི་རང་བྱུང་སྲུང་སྐྱོང་རྒྱལ་སྤྱིའི་གླེང་སྟེགས་སྐབས་དང་པོའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རང་རྒྱལ་གྱིས་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་ཁྲི་1.18བསྐྲུན་པ་དེས་རྒྱལ་ཁབ་ས་ཆའི་སྐམ་སའི་རྒྱ་ཁྱོན་གྱི་18%དང་། མངའ་ཁོངས་རྒྱ་མཚོའི་རྒྱ་ཁྱོན་གྱི་4.6%ཟིན་པ་དེའི་ནང་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ས་ཚིགས་10དང་། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་474 རྒྱལ་ཁབ་རིམ་པའི་གྲགས་ཅན་མཛེས་ལྗོངས་ཁུལ་244བཅས་ཚུད་ཡོད། འཛམ་གླིང་གི་རང་བྱུང་ཤུལ་བཞག་14དང་། འཛམ་གླིང་གི་རང་བྱུང་དང་རིག་གནས་ཤུལ་བཞག་4 འཛམ་གླིང་གི་ས་གཤིས་སྤྱི་གླིང་39བཅས་ཡོད་པ་དེ་དག་གི་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།
     “ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ལོ་ངོ་60ལྷག་ཙམ་རིང་འབད་བརྩོན་བྱས་ནས་རང་རྒྱལ་གྱིས་གྲངས་འབོར་མང་བ་དང་། རིགས་ཕུན་སུམ་ཚོགས་པ། ནུས་པ་མང་བ་བཅས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་བསྐྲུན་ཡོད། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ་དང་། རང་བྱུང་ཤུལ་བཞག་ཉར་ཚགས་བྱེད་པ། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་བ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད”རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཁྲུན་ལེང་གིས་ཀྲུང་གོའི་རང་བྱུང་སྲུང་སྐྱོང་གི་འཕེལ་རྒྱས་ཡག་པོ་ཡོང་ཆེད། ང་ཚོས《རང་བྱུང་སྲུང་སྐྱོང་ཁུལ་གྱི་བཅའ་ཁྲིམས》གཞི་རྩའི་བཅའ་ཁྲིམས་སུ་བྱས་པ་བརྒྱུད་རང་བྱུང་སྲུང་སྐྱོང་ཁུལ་དང་། གྲགས་ཅན་མཛེས་ལྗོངས་ཁུལ། རང་བྱུང་སྤྱི་གླིང་སོགས་ཁེར་སྤྱོད་ཁྲིམས་ལུགས་ཁྲིམས་སྲོལ་ཁ་གསབ་ཏུ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་བཅའ་ཁྲིམས་མ་ལག་ཅིག་བཙུགས་ནས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལམ་ལུགས་མ་ལག་ཅིག་བསྐྲུན་པ་དང་འབྲེལ་འཐུས་སྒོ་ཚང་དུའང་གཏོང་རྒྱུ་ཡིན་ཞེས་བརྗོད།
     ད་ཐེངས་ཀྱི་གླེང་སྟེགས་ནི་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་དང་། འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ(IUCN) ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད།