འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་29ཉིན།

༄༅།།ཟླ་9པར་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་འགལ་མཁན་6983ལ་ཐག་གཅོད་བྱས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་29ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་28ཉིན། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་ལས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། 2019ལོའི་ཟླ་9པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁྱོན་བསྡོམས་5016ཞིབ་བཤེར་བྱས་ཡོད་པ་དང་། མི་6983ལ་ཆད་པ་བཅད། མི་5122ལ་ཏང་སྒྲིག་སྲིད་དོན་གྱི་ཆད་པ་བཅད། དེའི་ཁྲོད་དུ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་འགལ་ནས་ཏང་སྒྲིག་སྲིད་དོན་གྱི་ཆད་པ་ཕོག་མཁན་ལས་བྱེད་པའི་ནང་དུ། ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་36དང་། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ508 ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་4578བཅས་འདུག 
    2019ལོའི་ཟླ་9པར་ཞིབ་བཤེར་བྱུང་བའི་གནད་དོན་5016ཁྲོད་དུ། སྒྲིག་འགལ་ངང་ལེགས་སྐྱེས་དང་འབུལ་རྟེན་བླངས་པའི་གནད་དོན་1314དང་། སྒྲིག་འགལ་ངང་ཁ་གསབ་དང་ཕན་བདེ་སྤྲད་པའི་གནད་དོན་1157 སྒྲིག་འགལ་ངང་གཞུང་དངུལ་བེད་སྤྱད་དེ་བཟའ་བཏུང་བྱས་པའི་གནད་དོན་696 སྒྲིག་འགལ་ངང་གཞུང་འཁོར་མཐུན་སྦྱོར་བྱས་ནས་བེད་སྤྱད་པའི་གནད་དོན་665 གཉེན་སྟོན་དང་འདས་མཆོད་གཟབ་རྒྱས་སྤེལ་བའི་གནད་དོན་353 གཞུང་དངུལ་བེད་སྤྱད་ནས་རྒྱལ་ནང་དུ་ཡུལ་སྐོར་སོང་བའི་གནད་དོན་218 ཐོག་ཁང་སོགས་སྒྲིག་འགལ་གྱི་གནད་དོན་110 གཞུང་དངུལ་བེད་སྤྱད་དེ་ཕྱི་རྒྱལ་དུ་ཡུལ་སྐོར་སོང་བའི་གནད་དོན་10 གནད་དོན་གཞན་དག་(ཚད་གཞི་ལས་བརྒལ་བའི་སྣེ་ལེན་མཁོ་འདོན་དང་དང་ལེན་བྱེད་པ། གཞུང་དངུལ་བེད་སྤྱད་པ་དང་འཛད་སྤྱོད་མཐོ་བའི་རོལ་རྩེད་བདེ་ཐང་གི་བྱེད་སྒོ་དང་ལེན་བྱེད་པ། སྒྲིག་འགལ་ངང་མི་སྒེར་འདུ་འཛོམས་ཁང་དུ་འགྲོ་འོང་བྱེད་པ། འགོ་ཁྲིད་ལས་བྱེད་པའི་སྡོད་ཁང་སྒྲིག་འགལ། དོ་དམ་ཞབས་ཞུ་བྱ་ཡུལ་གྱི་གསོལ་སྟོན་སྒྲིག་འགལ་ངང་དང་ལེན་བྱེད་པ་སོགས་ཀྱི་གནད་དོན)493བཅས་ཡོད།