འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་28ཉིན།

༄༅༎གངས་ལྗོངས་ས་མཐོའི“མུན་སེལ་མུ་ཏིག་ཆུང་ཆུང”གིས་བོད་རིགས་ས་ཁུལ་གྱི་ཁྱིམ་ཚང་ཁྲི་སྟོང་མང་པོར་འོད་སྣང་སྦྱིན་པ།

—— ཧུའུ་ནན་མ་འཇོག་རྒྱལ་སྤྱིའི་མིང་ཧོ་གཡང་མདོ་གློག་ཁང་གི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་27ཉིན། 16:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ▶ ལོ་10ཡི་རིང་ཧུའུ་ནན་མ་འཇོག་རྒྱལ་སྤྱིས་མ་དངུལ་སྒོར་དུང་ཕྱུར་6ལྷག་ཙམ་བཏང་ནས་གངས་ལྗོངས་ས་མཐོར་སྐས་རིམ་རྣམ་པའི་ཆུ་ཤུགས་གློག་ཁང་དྲུག་བསྐྲུན་ཡོད།
     ▶ པན་ཀྲང་གཞོན་པ་ཁྲེན་ཆིའུ་ཡུན་གྱིས། 
     “བདེ་འཇགས་ཐོན་སྐྱེད་ནི་རྩ་བ་ཡིན་པས་ལས་ཀ་བྱེད་སྐབས་ངེས་པར་དུ་ཞིབ་ཚགས་པོ་དགོས”
     ▶ གཡང་མདོ་གྲོང་ཚོའི་གྲོང་དཔོན་དབྱི་པི(བོད་རིགས)ཡིས།
     “བོད་རིགས་ཀྱི་གྲོང་མིའི་དུད་ཚང་114ཡོད་པའི་གྲོང་ཚོ་འདི་དེ་སྔ་ཤིན་ཏུ་དབུལ་བའི་གྲོང་ཚོ་ཞིག་ཡིན། 2009ལོར་གློག་ཁང་ནས་གློག་གཏོང་འགོ་ཚུགས་རྗེས། གྲོང་མི་ཡོངས་ལ་ཚད་བཀག་མེད་ལ་གློག་རིན་མི་དགོས་པའི་གློག་ལོ་10ལྷག་ཙམ་མཁོ་འདོན་བྱས་པས་གཡང་མདོ་གྲོང་ཚོ་ད་ཆ་དབུལ་སྒྲོལ་ཐུབ་ཡོད”
     སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ། གངས་ལྗོངས་ས་མཐོར་བྱས་རྗེས་བཞག
     ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བཙན་སྐྱབས་ཤང་ཤར་རྒྱུད་ཀྱི་རི་ཁུལ་དུ་གནས་པའི་ཧུའུ་ནན་མ་འཇོག་རྒྱལ་སྤྱིའི་མིང་ཧོ་གཡང་མདོ་གློག་ཁང་གིས་སྐད་གྲགས་མེད་པར་ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་མཁོ་འདོན་བྱེད་བཞིན་ཡོད།
     ལོ་10ཡི་རིང་ཧུའུ་ནན་མ་འཇོག་རྒྱལ་སྤྱིས་མ་དངུལ་སྒོར་དུང་ཕྱུར་6ལྷག་ཙམ་བཏང་ནས་གངས་ལྗོངས་ས་མཐོར་སྐས་རིམ་རྣམ་པའི་ཆུ་ཤུགས་གློག་ཁང་དྲུག་བསྐྲུན་ཡོད། གདོང་ལམ་ཆེན་པོ་གཅིག་གིས་ས་མཐོའི་གངས་ཆུ་འདྲེན་པ་དང་། ལངས་གཟུགས་ཀྱི་འདྲེས་རྒྱུག་རྣམ་པའི་གློག་འདོན་འཕྲུལ་འཁོར་ནས་གློག་མཁོ་འདོན། ཆུ་ཤུགས་གློག་ཁང་དྲུག་པོ་རི་མཐོ་གཡང་གཟར་ཁྲོད་དུ་མུ་ཏིག་གི་ཕྲ་རྒྱན་བརྒྱབ་པ་ལྟར་གནས། ཧུའུ་ནན་བ་ཚོས་ཀྱང་ས་བབ་མཐོ་ཞིང་ལམ་ཐག་རིང་བ་དང་གསོ་རླུང་དཀོན་པའི་དཀའ་ངལ་ལ་མ་འཛེམས་པར་གངས་ལྗོངས་ས་མཐོའི་བོད་རིགས་ས་ཁུལ་གྱི་ཁྱིམ་ཚང་ཁྲི་སྟོང་མང་པོར་འོད་སྣང་སྦྱིན་ཡོད།
     གཡང་མདོ་གློག་ཁང་འདི་ཉིད་རི་ཁུལ་དུ་གནས་པས་བར་ཐག་ཉེ་ཤོས་ཀྱི་གྲོང་ཁྱེར་དང་ཡང་བར་ཐག་སྤྱི་ལེ་120ལྷག་ཆོད་པས་འགྲིམ་འགྲུལ་སྟབས་བདེ་པོ་མེད་ལ་ཆ་རྐྱེན་ཡང་ཧ་ཅང་སྐྱོ་པོ་ཡོད། ལོ་10ཡི་རིང་གཡང་མདོ་ཚོགས་པའི་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དབང་གིས་ལས་མི་ཡང་ཡང་བརྗེ་དགོས་བྱུང་བས་ལག་རྩལ་པ་ཧ་ཅང་དཀོན་པོ་ཡོད།
     གློག་ཁང་གི་ལོ་རྒྱུས་ཕྱིར་དྲན་བྱེད་སྐབས། ཀུང་སིའི་སྤྱི་ཁྱབ་ཅིང་ལི་དབྱང་ཏུང་རུང་གིས“ལོ་10ཡི་རིང་། གློག་ཁང་གིས་བདེ་འཇགས་ཐོན་སྐྱེད་དང་གཉེར་སྐྱོང་ཐད་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཡོད། འོན་ཀྱང་དཀའ་ངལ་ཆེ་ཤོས་ནི་གློག་ཕྱིར་གཏོང་དཀའ་བ་དང་། གློག་རིན་དམའ་བ། གློག་ཁང་གནས་སའི་བདེ་ཆེན་ཀྲོའུ་ཡུག་ཁུལ་གྱི་གློག་དྲའི་སྒྲིག་ཆས་འཛུགས་སྐྲུན་རྗེས་ལུས་ཐེབས་པ། གློག་ནུས་ཕྱིར་གཏོང་ལ་ཚད་བཀག་ཡོད་པ་སོགས་ཀྱི་གནས་ཚུལ་ཚབས་ཆེན་ཐོན་པ་བཅས་རེད”ཅེས་བཤད། ད་ཐེངས་ནི་ཁོང་གཡང་མདོ་གློག་ཁང་དུ་ལས་ཀ་བྱེད་པར་ཡོང་ཐེངས་གཉིས་པ་རེད། དེ་སྔོན་ཁོང་གཡང་མདོ་གློག་ཁང་དུ་ཡོང་སྐབས་ལོ་ན་གཞོན་ཞིང་འཇོན་ཐང་ཆེ་སྒང་ཡིན་སྟབས་གློག་ཁང་གི་ཐོག་མའི་འཛུགས་སྐྲུན་དང་ཐོན་སྐྱེད་གཉེར་སྐྱོང་གི་དུས་མཚམས་དཀའ་ཤོས་བརྒྱུད་མྱོང་ཡོད།
     ཀུང་སིའི་ཞིབ་བཟོ་པུའུ་2010ལོ་ནས་བཙུགས་ཚུན། ཐོག་མའི་མི་4ནས་ད་ལྟའི་མི་19ཡིས་གློག་ཁང་གི་འཕྲུལ་ཙུའུ་17གྱི་ཉམས་བཟོ་དང་བདག་སྐྱོང་ལས་དོན་དང་གློག་ཤུགས་སྒྲིག་ཆས་ཀྱི་སྔོན་འགོག་རང་བཞིན་གྱི་ཚོད་ལྟ་དང་། ཆུ་རྒྱས་དུས་ཀྱི་ཆུ་རགས། ཆུ་རྫིང་གཙང་སེལ། སྒྲིག་ཆས་སྒྱུར་བཀོད་སོགས་ཀྱི་ལས་དོན་ཚང་མའི་འགན་ཡོངས་སུ་འཁུར་གྱི་ཡོད། ཆ་སྙོམས་བྱས་ན་ལོ་ལྟར་འཕྲུལ་ཙུའུ་ཁག་གི་ཉམས་བཟོའི་ལས་འགན་འཕྲུལ་ཙུའུ་5ཡན་ཟིན་གྱི་ཡོད།
     ལོ་60ཙམ་ལ་སླེབས་པའི་པན་ཀྲང་གཞོན་པ་ཁྲེན་ཆིའུ་ཡུན་གྱིས“བདེ་འཇགས་ཐོན་སྐྱེད་ནི་རྩ་བ་ཡིན་པས་ལས་ཀ་བྱེད་སྐབས་ངེས་པར་དུ་ཞིབ་ཚགས་པོ་དགོས”ལས་ཀ་བྱེད་སྐབས་ངལ་བ་དང་འཁང་ར་བཟོད་ཐུབ་པ་དང་། དཀའ་ལས་ཆེ་བ་དང་ཉེན་ཁ་ཆེ་བའི་ལས་ཀ་གང་དུ་ཡོད་ཀྱང་འགན་དང་པོ་འཁུར་མཁན་ཡིན་པའི་ཁྲེན་ཆིའུ་ཡུན་གྱི་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་རྟག་ཏུ་དགེ་ཕྲུག་ལ་རྩལ་ནུས་དམར་ཁྲིད་བྱེད་ཀྱི་ཡོད། ཁོང་གིས་ཆེད་ལས་ལག་རྩལ་བྱང་ཆུབ་པ་དང་སྤྱོད་ཚུལ་ཐད་བློས་འགེལ་ཆོག་པའི་དགེ་ཕྲུག་མང་པོ་འཁྲིད་ཡོད། ཁྲེན་ཆིའུ་ཡུན་གྱིས་མྱོང་ཚོར་ཟབ་མོས“གློག་ཁང་གི་ལས་ཀ་མང་བས་ཞིབ་བཟོའི་ལས་དོན་ཡག་པོ་སྒྲུབ་ཆེད། ལས་མི་མང་ཆེ་བས་ལོ་རེའི་འཁོར་ཤག་སྡོད་ཀྱི་མེད། དགུན་ཁ་ཁ་བ་བབས་ནས་རི་ལམ་འགག་པའི་སྐབས་ཕྱི་རོལ་དུ་འགྲོ་ཐབས་བྲལ་ལ་ཐ་ན་ཟླ་གཅིག་ལྷག་ཙམ་ཡང་སྔོ་ཚལ་ཟ་རྒྱུ་མེད། ལས་གནས་བརྟན་སྲུང་བྱེད་པར་དང་ཐོག་ང་རང་གིས་འགོ་ཡག་པོ་འཁྲིད་དགོས”ཞེས་བཤད་བྱུང་།
     ལོ་བཅུའི་རིང་། གཡང་མདོ་གློག་ཁང་གིས་སྔ་ཕྱི་བར་གསུམ་དུ་འཁོར་རྒྱུག་བདག་སྐྱོང་དང་ཞིབ་བཟོ་དོ་དམ་བྱེད་སྟངས་ལེགས་སུ་གཏོང་སྟེ། སྒྲིག་ཆས་ཀྱི་བདེ་འཇགས་ལྡན་ཚད་དང་བློས་འཁེལ་ཚད་མཐོ་རུ་བཏང་བ་དང་། གློག་མང་ཙམ་མཁོ་འདོན་ཐུབ་པའི་བརྩོན་ལེན་བྱས་པ། བདེ་འཇགས་ཐོན་སྐྱེད་འགན་ལེན་བྱས་ནས་གངས་ལྗོངས་ས་མཐོའི་ཁྱིམ་ཚང་མང་པོར་འོད་སྣང་སྦྱིན་ཡོད།
     ཏང་དར་ལྷབ་ལྷུབ་གཡོ། གནོང་འགྱོད་མེད་པའི་མི་ཚེར་བཀྲག་མདངས་འཚེར།
     ཧུའུ་ནན་སློབ་ཆེན་ནས་ཐོན་པའི་གློག་ཁང་གི་ནོར་དོན་སྤྱི་ཁྱབ་ལྟ་སྐུལ་བ་ལིའུ་ཅོན་ཧུའུ་ནན་མ་འཇོག་རྒྱལ་སྤྱིར་སླེབས་ནས་ཡུན་རིང་མ་སོང་བར་གཡང་མདོ་གློག་ཁང་གི་ནོར་དོན་ལས་ཀ་བྱེད་པར་བཏང་། ད་བར་ལས་ཀར་ཞུགས་ནས་ལོ་བཅུ་སོང་བའི་ཁོང་བུ་མོ་ཆུང་ཆུང་ཞིག་ནས་བུད་མེད་ཅིག་ཏུ་གྱུར། ཁོང་གིས་མི་ཚེའི་ལང་ཚོ་གློག་ཁང་ལ་ཕུལ་ཡོད། ཁོང་གིས་རྩ་འཛུགས་ལ་དམིགས་བསལ་ལྟ་རྟོག་བྱ་རྒྱུའི་རེ་བ་གང་ཡང་འདོན་མྱོང་མེད་པར་ས་མཐོར་མི་འཕྲོད་པའི་ནད་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད། “རྩ་འཛུགས་ཀྱིས་ང་དེ་གར་བཏང་ཡོད། ངས་ངེས་པར་དུ་འགན་ནུས་གཙང་སྒྲུབ་ཀྱིས་ལས་ཀ་ཡག་པོ་བྱེད་ཀྱི་ཡིན”ཞེས་གསུངས་པ་ལྟར་ཁོང་གིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ལས་གནས་བརྟན་སྲུང་བྱས་ཏེ་ས་མཐོར་འཛེགས་པའི་བརྒྱུད་རིམ་རེ་རེའི་ནང་མཛེས་སྡུག་ལྡན་པ་དང་། སྡུག་རུས་འཁྱོག་པ། འགྱིང་ངེར་ལངས་པ་བཅས་ཀྱི“ས་མཐོའི་སྐལ་བཟང་མེ་ཏོག”ཏུ་གྱུར་ཡོད།
     ས་ཐག་རིང་ཡང་སེམས་པ་གཅིག་ལ་ཆགས། གངས་ལྗོངས་ས་མཐོའི་ཏང་དར་རྣམ་པར་བཀྲ། གཡང་མདོ་གློག་ཁང་ཏང་ཀྲི་པུའི་ཏང་ཡོན་ཡོངས་ཀྱིས་རང་ཉིད་ཀྱི་ལས་གནས་ཐོག་འབད་འབུངས་ཡར་བརྩོན་བྱས་ཏེ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཡོད། ཏང་ཡོན་མང་པོ་མེད་ཀྱང་སློབ་སྦྱོང་གི་ལམ་ལུགས་ཆ་ཚང་བ་དང་། འཐབ་ས་འཛུགས་སྐྱོང་ཡག་པོ་བྱས་པ། ཏང་འཛུགས་སྐྱོང་ལས་དོན་མངོན་གསལ་དོད་པ་བཅས་བྱུང་ཡོད། “ཏང་ཡོན་གྱི་འཕྲོད་བསྟེན་ཁུལ”དང་། “ཏང་ཡོན་གྱི་འབྲེལ་གཏུག་དུད་ཚང” “འཚམས་འདྲི་བྱས་ཏེ་དྲོ་སྐྱིད་སྦྱིན”བཅས་ཀྱི་ཏང་ཚོགས་ཆུང་གི་རོགས་སྐྱོར་བྱེད་སྒོ་དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ ཏང་གི་ལོ་རྒྱུས་འཆད་ཁྲིད་བཅས་ལ་བརྟེན་ནས་ཚང་མས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཡོད། སྔ་རྗེས་སུ་ལས་མི་6གིས་ཏང་རྩ་འཛུགས་ལ་ཏང་ནང་ཞུགས་རྒྱུའི་རེ་ཞུ་ཕུལ་བ་རེད།
     རོགས་རེས་བྱས་ནས་འཕེལ་རྒྱས་དོན་གཉེར་བྱས། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། གཡང་མདོ་གློག་ཁང་བོད་རིགས་ས་ཁུལ་དུ་གནས་ཡོད་པས། ལས་མི་63ཁྲོད་གྲངས་ཉུང་མི་རིགས་32(གྲངས་ཉུང་མི་རིགས་གཞན་དག་6དང་བོད་རིགས་23ཡོད)ཡོད། གློག་ཁང་འཛུགས་སྐྲུན་བྱས་ཚུན། གྲངས་ཉུང་མི་རིགས་སྤུན་ཟླ་300ལྷག་ཙམ་གྱིས་གློག་ཁང་འཛུགས་སྐྲུན་དང་གཉེར་སྐྱོང་ལ་ཞུགས་ཡོད།
     གཡང་མདོ་གྲོང་ཚོའི་གྲོང་དཔོན་དབྱི་པི(བོད་རིགས)ཡིས“བོད་རིགས་ཀྱི་གྲོང་མིའི་དུད་ཚང་114ཡོད་པའི་གྲོང་ཚོ་འདི་དེ་སྔ་ཤིན་ཏུ་དབུལ་བའི་གྲོང་ཚོ་ཞིག་ཡིན། 2009ལོར་གློག་ཁང་ནས་གློག་གཏོང་འགོ་ཚུགས་རྗེས། གྲོང་མི་ཡོངས་ལ་ཚད་བཀག་མེད་ལ་གློག་རིན་མི་དགོས་པའི་གློག་ལོ་10ལྷག་ཙམ་མཁོ་འདོན་བྱས་པས་གཡང་མདོ་གྲོང་ཚོ་ད་ཆ་དབུལ་སྒྲོལ་ཐུབ་ཡོད”ཅེས་བཤད་བྱུང་།
     གློག་ཁང་དུ་ལས་ཀ་བྱེད་བཞིན་ཡོད་པའི་སྒྲོལ་མས་དགའ་ཚོར་ཆེན་པོས“ང་ཚོའི་གྲོང་ཚོ་ནས་མི་18གློག་ཁང་དུ་ལས་ཀར་འགྲོ་གི་ཡོད། གློག་ཁང་གིས་ང་ཚོའི་ལས་ཞུགས་ཐག་གཅོད་བྱས་པ་མ་ཟད། ད་དུང་ཡོང་འབབ་ཀྱང་མང་དུ་ཕྱིན་སོང་བས་གཡང་མདོ་གློག་ཁང་བཀའ་དྲིན་ཆེན་པོ་ཡིན”ཞེས་བཤད་པ་རེད།