འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་23ཉིན།

༄༅།།ཀྲུང་གོ་དང་ནེ་པ་ལའི་རྒྱལ་སྤྲིའི་ལས་ཞོར་ཝང་ཆིའུ་སྤོ་ལོའི་འགྲན་བསྡུར་ནང་བོད་ལྗོངས་རུ་ཁག་གིས་
ཚོགས་པའི་ཨང་དང་པོ་བླངས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་23ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཀྲུང་གོ་དང་ནེ་པ་ལའི་རྒྱལ་སྤྲིའི་ལས་ཞོར་ཝང་ཆིའུ་སྤོ་ལོའི་འགྲན་བསྡུར་ནང་བོད་ལྗོངས་རུ་ཁག་གིས་
ཚོགས་པའི་ཨང་དང་པོ་བླངས་པ།
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ནས་21ཉིན་བར། “རྒྱུད་གཅིག་ལམ་གཅིག”ཀྲུང་གོ་དང་ནེ་པ་ལའི་རྒྱལ་སྤྱིའི་ལས་ཞོར་ཝང་ཆིའུ་སྤོ་ལོའི་འགྲན་བསྡུར་སྐབས་གཉིས་པ་བོད་ལྗོངས་ལྷ་སར་སྤེལ་བ་དང་། དུས་ཡུན་ཉིན་གསུམ་རིང་གི་འགྲན་བསྡུར་ནང་། ཀྲུང་གོའི་བོད་ལྗོངས་རུ་ཁག་དང་། པེ་ཅིང་རུ་ཁག ཀོང་ཏུང་རུ་ཁག་དང་། ནེ་པ་ལའི་ལས་ཞོར་ཝང་ཆིའུ་སྤོ་ལོའི་སྤྲོ་སྐྱིད་པུའུ་བཅས་ཁྱོན་རུ་ཁག་བཞི་ཡིས་འགྲན་བསྡུར་བྱས་པ་དང་།  བོད་ལྗོངས་རུ་ཁག་གིས་ཚོགས་པའི་ཨང་དང་པོ་བླངས་པ་རེད།
     བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་སྐོར་ཞིབ་པ་གཞོན་པ་ཀྲུའུ་ཨན་ལེས་"ཀྲུང་གོ་དང་ནེ་པ་ལའི་དབར་རི་འཛེག་དང་རྐང་རྩེད་སྤོ་ལོ་སོགས་ལུས་རྩལ་ཁྱབ་ཁོངས་ཀྱི་མཛའ་གྲོགས་སྤེལ་རེས་ལ་དུས་རབས་ཕྱེད་ཀ་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ཝང་ཆིའུ་སྤོ་ལོའི་འགྲན་བསྡུར་སྤེལ་བ་དེ་རྒྱལ་ཁབ་གཉིས་ཀྱིས་ལུས་རྩལ་ཐད་ཀྱི་མཉམ་ལས་རྒྱ་བསྐྱེད་གཏོང་བའི་ཁྱབ་ཁོངས་གསར་པ་ཞིག་རེད།”    འགྲན་བསྡུར་དེ་ཡུན་རིང་སྤེལ་ཐུབ་པ་བྱས་ཏེ་ཀྲུང་གོ་དང་ནེ་པ་ལའི་ཝང་ཆིའུ་སྤོ་ལོའི་ལས་རིགས་ཐད་ཤུགས་རྐྱེན་ངེས་ཅན་ཡོད་པའི་འགྲན་བསྡུར་ཞིག་ཏུ་གཉེར་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།