འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་21ཉིན།

༄༅།།འཛམ་གླིང་སློབ་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས་18པའི་འགྲན་བསྡུར་གྱི་མཚོན་
རྟགས་དང་འབོད་ཚིག་ཕུའུ་ཅན་ཅིན་ཅང་དུ་ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་21ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཅིན་ཅང་ནས་ཟླ་10ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གྱི་དགོང་མོར། འཛམ་གླིང་སློབ་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས་18པའི་འགྲན་བསྡུར་གྱི་ཚོགས་རྟགས་དང་འབོད་ཚིག་ཕུའུ་ཅན་ཅིན་ཅང་དུ་ཡོངས་བསྒྲགས་བྱས་པ་རེད།
    འགྲན་བསྡུར་གྱི་མཚོན་རྟགས་ལ་ཕུའུ་ཅན་གྱི་བཟོ་སྐྲུན་ཁྱད་ཆོས་མཉམ་འདྲེས་བྱས་ཏེ་སྤྱི་ཁོག་རང་བྱུང་ཁམས་དང་མཐུན་ཞིང་། ཉི་མ་དང་རབ་ཏུ་བཞད་པའི་མེ་ཏོག་གཉིས། བུ་དང་བུ་མོ་གཉིས་ཀྱིས་ལག་གདང་སྦྲེལ་ནས་མདུན་དུ་རྒྱུག་པའི་རྣམ་པ་མངོན་ནས་ལོ་ཆུང་གཞོན་ནུའི་ཚོགས་སྤྱིའི་ཁྱད་ཆོས་དང་མཐུན་པ་དང་སྦྲགས། ཕུའུ་ཅན་གྱི་མི་ཆོས་རིག་གནས་ཀྱི་ཁྱད་ཆོས་ཀྱང་མངོན་ཡོད།
     འབོད་ཚིག“མཉམ་དུ་དེ་བས་ངོ་མཚར་གཏོད”ཅེས་པས་འཛམ་གླིང་སློབ་འབྲིང་སློབ་མའི་ལུས་རྩལ་འགྲན་བསྡུར་གྱི་དམིགས་ཡུལ་དང་ནང་དོན་མཚོན་པ་མ་ཟད། ཆོན་ཀྲོའུ་ཅིན་ཅང་གྲོང་ཁྱེར་གྱི་སྤྲོ་སེམས་དང་། ཁོང་ཡངས། རྒྱལ་སྤྱིའི་བརྩེ་སེམས་བཅས་ཀྱང་མངོན་ཡོད། འགྲན་བསྡུར་གྱི“གསོན་ཤུགས་དང་། མཉམ་འདྲེས། འཚར་ལོངས། རྒྱུན་སྲིང”བཅས་ཀྱི་འདུ་ཤེས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཀྲུང་གོས་འཛམ་གླིང་ཡོངས་ཀྱི་གཞོན་ནུ་ལོ་ཆུང་དང་འཛམ་གླིང་ཡོངས་ཀྱི་ལུས་རྩལ་ལ་དགའ་མཁན་དང་སློབ་འབྲིང་སློབ་མའི་འཚར་ལོངས་ལ་དོ་ཁུར་བྱེད་མཁན་ཚུད་པའི་མི་མཉམ་འཛོམས་བྱས་ནས་དམིགས་ཡུལ་གཅིག་གི་ཆེད་དུ་ཐུན་མོང་ཐོག་འཛམ་གླིང་ཧང་སང་བ་དང་བག་ཆགས་ཆེ་ཤོས་ཀྱི་འགྲན་ཚོགས་ཆེན་པོ་ཞིག་གཉེར་རྒྱུ་ཡིན་པ་གང་ལེགས་མཚོན་ཡོད།