འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་18ཉིན།

༄༅།།ཀྲུང་གོ་དང་ཕོ་ལན་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་
རྩལ་འཁྲབ་སྟོན་ཝར་སོར་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཝར་སོ་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། ཕོ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཧོ་ནན་ཞིང་ཆེན་ལོ་ཧོ་གྲོང་ཁྱེར་སྒྱུ་རྩལ་ཚོགས་པས་མཉམ་དུ་ཝར་སོར་ཀྲུང་གོ་དང་ཕོ་ལན་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།
ལོ་ཧོ་གྲོང་ཁྱེར་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོས་ཟློས་གར་དང་། རྩལ་རྩེད། དམངས་ཁྲོད་རོལ་མོ། གནའ་བོའི་ཞབས་བྲོ་སོགས་ལྟད་མོ་ཆེ་བའི་འཁྲབ་སྟོན་མང་པོ་བྱས་པས་འཁྲབ་སྟོན་ལ་ལྟ་མཁན་ཕོ་ལན་གྱི་ལས་རིགས་ཁག་གི་མི་སྣ300ལྷག་ཙམ་གྱི་ཡིད་དབང་འཕྲོགས་ནས་འཁྲབ་སྟོན་བྱ་ཡུལ་དུ་དགའ་སྤྲོའི་རྣམ་པས་ཁེངས་ཡོད་པ་རེད།