འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་18ཉིན།

༄༅།།ཀྲུང་གོ་དང་། ཨ་རི། ཁ་ན་ཏ་བཅས་ཀྱི་ནང་བསྟན་གླེང་སྟེགས་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུར་གཉེར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་དང་། ཨ་རི། ཁ་ན་ཏ་བཅས་ཀྱི་ནང་བསྟན་གླེང་སྟེགས་ཚེས་12ཉིན་ཨ་རིའི་ཉིའུ་གཡོད་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུར་གཉེར་བར། ཀྲུང་གོ་དང་། ཨ་རི། ཁ་ན་ཏ་བཅས་རྒྱལ་ཁབ་གསུམ་གྱི་ནང་བསྟན་ལས་རིགས་ཀྱི་འཐུས་མི་དང་ལས་རིགས་ཁག་གི་སྐུ་མགྲོན་ལྔ་བརྒྱ་ཙམ་ཞུགས་ཡོད་པ་རེད།
     ཐེངས་འདིའི་གླེང་སྟེགས་ཐོག“མི་ཡུལ་གྱི་རྟོགས་སད། སྒོམ་གྱི་དགོངས་དོན་དང་ལག་ལེན”བརྗོད་དོན་གཙོ་བོར་བཟུང་ནས། རིག་གཞུང་དང་། རིག་གནས། རོལ་མོ་བཅས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། 
    གླེང་སྟེགས་ཚོགས་རིང་། ཀྲུང་གོ་དང་། ཨ་རི། ཁ་ན་ཏ་བཅས་ཀྱི་ནང་བསྟན་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་། ཀྲུང་གོ་ནང་བསྟན་ཚངས་དབྱངས་སྒྱུ་རྩལ་རོལ་དབྱངས་འདུ་ཚོགས། འཛམ་གླིང་ཚོང་དོན་ལྟེ་གནས་ཀྱི་རྗེས་ཤུལ་ནས་འཛམ་གླིང་ཞི་བདེ་ཡོང་བའི་སྨོན་ལམ་གསུང་བའི་མཛད་སྒོ་སོགས་བྱེད་སྒོ་ཡང་འཚོགས་པ་མ་ཟད། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་པས་ཨ་རིའི་ཡེ་ཤུའི་ཆོས་ལུགས་རྩ་འཛུགས་དང་ཡང་སྤེལ་རེས་བྱས་པ་རེད། རྒྱལ་ཁབ་གསུམ་གྱི་ནང་བསྟན་ལས་རིགས་ཀྱི་འཐུས་མི་ཁག་གིས་ཉིན་དེར《ཀྲུང་གོ་ཨ་རི་ཁ་ན་ཏ་བཅས་ཀྱི་ནང་བསྟན་གླེང་སྟེགས་སྐབས་གཉིས་པའི་བསྒྲགས་གཏམ》ལ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་བ་རེད།