འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་18ཉིན།

༄༅།།ཏང་ཡོན་དུད་ཚང་དུ་བསྐྱོད་དེ་དམངས་ཀྱི་འདོད་བློ་ཉན། སྡེ་ཁུལ་གྱིས་གྲོང་མིར་སེམས་
ཁྲལ་དང་དཀའ་ངལ་སེལ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཉིན་ཤས་བསྟུད་མར། ཅིང་ཉིང་ཧྲེ་རིགས་རང་སྐྱོང་རྫོང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་ཞུགས་པའི་ཏང་ཡོན་དང་ལས་བྱེད་པ་ལས་གྲུབ་པའི“ཞབས་ཞུ་གསུམ”གྱི་དྲ་མིག་ལས་དོན་ཚོགས་ཆུང་གི་ཁོངས་མི་སྡེ་ཁུལ་དང་། ཁེ་ལས། ཚོང་དུད། གྲོང་མིའི་ཁྱིམ་ཚང་བཅས་སུ་བསྐྱོད་དེ་ངོ་ཐུག་གདོང་འཕྲད་ངང་མང་ཚོགས་ཚོས་ཏང་ཨུད་དང་སྲིད་གཞུང་གི་སྲིད་དོན་བྱེད་སྒོ་དང་། སྲིད་སྐྱོང་བྱེད་ཐབས། དམངས་འཚོའི་ཞབས་ཞུ། སྤྱི་ཚོགས་དོ་དམ་སོགས་ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་ཉན་ནས་མང་ཚོགས་ཚོར་སེམས་ཁྲལ་དང་དཀའ་ངལ་སེལ་བ་སོགས་ཀྱི་དག་ཐེར་ཞབས་ཞུའི་ལས་དོན་ཏན་ཏིག་ངང་སྤེལ་ཞིང་། འདི་ནི་2019ལའི་ཟླ་10ཚེས་16ཉིན། ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་ཅིང་ཉིང་ཧྲེ་རིགས་རང་སྐྱོང་རྫོང་ཅིན་ནུང་ཁུལ་ཆུང་གི་གྲོང་མིའི་སྡོད་ཁང་སྟར་པ་ལྔ་པར་རྫོང་དེའི་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་ཏང་ཡོན་གྱིས་དུད་ཚང་དུ་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་འདུན་ཤེས་རྟོགས་བྱེད་བཞིན་པ།