འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་18ཉིན།

༄༅༎རང་རྒྱལ་གྱི་དཀར་ཆུའི་ཐོན་འབོར་ལོ་བཅུའི་ནང་50%ཙམ་འཕར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་18ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། གསར་འགོད་པར་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། 2018ལོར་རྒྱལ་ཡོངས་ཀྱི་དཀར་ཆུའི་ཐོན་འབོར་ཏུན་ཁྲི་2687ཟིན་ནས་ལོ་བཅུའི་ནང་50%ཙམ་འཕར་བ་དང་རྒྱལ་ཡོངས་སུ་ཆ་སྙོམས་མི་རེས་དཀར་ཆུའི་ཐོན་རྫས་འཛད་སྤྱོད་བྱེད་ཚད་སྤྱི་རྒྱ་34.3ཟིན་ཡོད།
     ཚེས་16ཉིན་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས“དཀར་ཆུའི་ཐོན་རྫས་ཀྱི་སྤུས་ཀ་ལེགས་སུ་བཏང་ནས་ཁེ་ལས་ཀྱིས་ཡོངས་བསྒྲགས་ཁས་ལེན་བྱེད་པའི”བྱེད་སྒོ་སྤེལ་ཏེ། དཀར་ཆུའི་ཁེ་ལས་ཆེ་གྲས་12ཀྱི་འགན་འཁུར་བས་སྤྱི་ཚོགས་ལ་བརྗིད་ཆེའི་ཁས་ལེན་བྱས་པ་རེད། ཀྲུང་གོའི་དཀར་ཆུའི་ཐོན་རྫས་བཟོ་ལས་མཐུན་ཚོགས་དང་བྱེད་སྒོར་ཞུགས་མཁན་དཀར་ཆུའི་ཐོན་རྫས་ཁེ་ལས་70ཙམ་གྱིས་ཐུན་མོང་ཐོག“དཀར་ཆུའི་སྤུས་ཚད་ལེགས་གཏོང་གིས། ང་ཚོས་མཉམ་དུ་བྱ་སྤྱོད་སྤེལ”ཞེས་པའི་གྲོས་འགོ་བཏོན་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ལོ་བཅུའི་ནང་། རང་རྒྱལ་གྱི་དཀར་ཆུའི་ཐོན་རྫས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ལྟ་འདོམས་ལམ་ལུགས་ཀྱི་མ་ལག་གཞི་རྩའི་ཆ་ནས་བཙུགས་པ་དེ་རྒྱུ་ཆའི་འགག་སྒོ་སྲུང་བ་དང་། བརྒྱུད་རིམ་ཚོད་འཛིན། བཟོ་ཐོན་ཞིབ་བཤེར། ཐོན་རྫས་བྲིན་ཚོང་། ཁུངས་འདེད་མ་ལག་སོགས“འབྲོག་ར་ནས་གསོལ་ལྕོག”བར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད། དཀར་ཆུའི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇཌ་ཀྱི་ཆུ་ཚད་བརྟན་པོའི་ངང་ལེགས་སུ་ཕྱིན་པ་དང་། དཀར་ཆུའི་ཐོན་རྫས་ལ་རྒྱལ་ཁབ་ཀྱིས་ལྟ་སྐུལ་འཐེན་བཤེར་བྱེད་སྐབས་ཚད་མ་ལོན་པ་དེ་2014ལོའི་1.6%ནས་2018ལོའི་0.3%དང་བརྒྱ་ཆའི་གྲངས་1.3བར་ཆག་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར་རང་རྒྱལ་གྱི་དཀར་ཆུའི་ཐོན་རྫས་ཁེ་ལས་ཁྱོན་762ཡོད་པའི་ནང་གཞི་ཁྱོན་ཡན་གྱི་ཁེ་ལས་587ཡོད་པ་རེད།