འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་16ཉིན།

༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཏང་ཀྲུང་དབྱང་ལ་ཐང་ག་ཕུལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་16ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་15ཉིན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཏང་ཀྲུང་དབྱང་ལ་ཐང་ག་འབུལ་བའི་མཛད་སྒོ་པེ་ཅིང་དུ་སྤེལ་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མངགས་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཏིང་ཞུའེ་ཞང་གིས་ངོས་ལེན་གནང་བ་རེད།
    རྒྱལ་ཡོངས་སུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་དུས་འདིར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དང་བཀྲ་ཤིས་ལྷུན་པོ་དགོན་པས་ཏང་ཀྲུང་དབྱང་ལ་ཐང་ག་ཕུལ་བ་དང་། ཐང་གའི་བརྗོད་དོན་གཙོ་བོ་ནི་“པཎ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཁ་བཏགས་འབུལ་བ”དེ་ཡིན་ཞིང་། དེས་ཀྲུང་གོའི་གུང་ཁྲན་ཏང་ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་བཀུར་དང་། མི་དམངས་ཀྱི་གཙོ་འཛིན་ལ་ལྷག་བསམ་ཟོལ་མེད་ཀྱིས་གུས་བཀུར། རླབས་ཆེན་མེས་རྒྱལ་ལ་དགའ་བའི་བརྩེ་སེམས་འཆང་བ་བཅས་མཚོན་ཡོད། 
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བཞིན། ཏིང་ཞུའེ་ཞང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དང་བོད་བརྒྱུད་ནང་བསྟན་གྱི་གྲོགས་པོ་ཚོ་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ཞིང་། ཏིང་ཞུའེ་ཞང་གིས་པཎ་ཆེན་མཆོག་གིས་སྔ་ཕྱི་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོ་ཡིད་ལ་ངེས་པ་དང་། ཆབ་སྲིད་ཀྱི་ལང་ཕྱོགས་བརྟན་པ། “འདུ་ཤེས་བཞི་”ཇེ་མཐོ་དང་། “གདེང་ཚོད་བཞི་”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་གནང་ནས། བསམ་བློ་དང་ཆབ་སྲིད་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་གྱུར་ཡོང་བར་གནང་བའི་རེ་བ་བསྟན་ཞིང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་འཛིན་སྐྱོང་སྤེལ་གསུམ་གནང་ནས། བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་བར་སྲུང་སྐྱོང་གནང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཆམ་མཐུན་ཡོང་བར་བྱེད་པའི་ཐད་དུ་དབུ་ཁྲིད་ཀྱི་ནུས་ཤུགས་འདོན་དགོས་ཞེས་གསུངས། 
     པཎ་ཆེན་མཆོག་གིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མངགས་བཅོལ་ནན་མོ་ཡིད་ལ་དམ་པོར་བཟུང་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་བ་དང་། རང་འགུལ་གྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་ཅིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་བྱས་ནས། བོད་ལྗོངས་འཆམ་མཐུན་བརྟན་ལྷིང་ཡར་སྐུལ་ལ་ནུས་ཤུགས་འདོན་པར་འབད་བརྩོན་བྱེད་རྒྱུ་ཡིན་གསུངས། 
     ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུའོ་ཆོན་གྱིས་མཛད་སྒོ་གཙོ་སྐྱོང་གནང་།