འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་15ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པ་སུའེ་ཙེར་ལ་འཚམས་འདྲིར་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་15ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་9ཉིན་ནས་ཚེས་13ཉིན་བར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཚོགས་གཙོ་ཉི་མ་ཚེ་རིང་ཡིན་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་བོད་ལྗོངས་འཐུས་མི་ཚོགས་པས་སུའེ་ཙེར་ལ་མཛའ་བརྩེའི་འཚམས་འདྲི་བྱས་པ་རེད། འཚམས་འདྲི་བྱས་པའི་རིང་ལ། འཐུས་མི་ཚོགས་པས་སྔ་རྗེས་སུ་སུའེ་ཙེར་གྱི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་པོ་ཧྲི་ཐའོ་ཁེ་ལི་དང་། པོར་ཉི་མངའ་སྡེའི་འགོ་འཛིན་གཞོན་པ་ཧྲི་ནའེ་ཀོ  སུའུ་ལི་ཧྲི་གྲོང་ཁྱེར་གྱི་གྲོས་ཚོགས་ཀྱི་ཚོགས་གཙོ་ཧའེ་ཨུན་ཚི་ཧྲ་ཐེ་བཅས་དང་ཐུག་འཕྲད་གནང་ཞིང་།  སུའེ་ཙེར་ལ་སྡོད་པའི་བོད་རིགས་སྤུན་ཟླ་རྣམས་དང་བཞུགས་མོལ་བགྲོ་གླེང་སྤེལ་བ་རེད། 
     ཉི་མ་ཚེ་རིང་གིས་ཀྲུང་དབྱང་སྲིད་གཞུང་གི་བོད་ལྗོངས་ཀྱི་བྱེད་ཐབས་སྲིད་ཇུས་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས། མི་རིགས་ས་ཁུལ་རང་སྐྱོང་ལམ་ལུགས་བཅས་བོད་ལྗོངས་སུ་བདེ་ལེགས་ངང་ལག་བསྟར་བྱས་ཡོད་པ་གཙོར་བཟུར་ནས་ངོ་སྤྲོད་བྱས་ཤིང་། ཁོང་གིས་རང་ཉིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་དང་། གྲངས་གཞི་དང་གསོན་ཉམས་ལྡན་པའི་དཔེ་བརྗོད་བེད་སྤྱད་ནས། ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། རིག་གནས། ཆོས་ལུགས། སྐྱེ་ཁམས་སོགས་ཀྱི་ཐད་ནས་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་རིང་ལ། ཀྲུང་དབྱང་སྲིད་གཞུང་གི་ནུས་ཤུགས་ཡོད་ཚད་ཀྱིས་རྒྱབ་སྐྱོར་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རོགས་སྐྱོར། བོད་ལྗོངས་མི་རིགས་སོ་སོའི་མི་དམངས་ཀྱིས་འབད་བརྩོན་ཆེན་པོ་བྱས་འོག “ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ། ལོ་ངོ་སྟོང་ལྷག་གི་བར་བརྒལ་བྱུང་བའི་”འཕེལ་རྒྱས་ཀྱི་གཏམ་རྒྱུད་བརྗོད་ཡོད། 
      ཧྲི་ཐའོ་ཁེ་ལི་ཡིས་ཀྲུང་གོའི་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་རྟེན་འབྲེལ་ཞུས་པ་དང་། གོམ་གང་མདུན་སྤོས་ངང་ཕན་ཚུན་བར་རྒྱུས་མངའ་གཏིང་ཟབ་མོ་ལེན་རྒྱུའི་འདུན་པ་ཡོད་ཅིང་། སུའེ་ཙེར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་བགྲོ་གླེང་མཉམ་ལས་སྐུལ་འདེད་གཏོང་འདོད་ཡོད་པ་བསྟན།