འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་15ཉིན།

༄༅༎མཚོ་སྔོན་གྱིས་སློབ་མ་27000སློབ་གྲྭར་འགྲོ་མཚམས་མི་ཆད་པར་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་15ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་10ཚེས་11ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས“འོས་འགན་སློབ་གསོའི་དུས་མཚམས་སུ་སློབ་མ་གཅིག་ཀྱང་སློབ་མཚམས་མི་ཆད་པ་བྱེད་པ”དམིགས་ཚད་དུ་བྱས་ཏེ། སློབ་གསོའི་གནད་སྨིན་དབུལ་སྐྱོར་དང་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་སློབ་གྲྭར་འགྲོ་མཚམས་མི་ཆད་པར་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། 2018ལོའི་ཟླ་3ནས་ད་བར། རིམ་རྩིས་བྱས་ན། སློབ་མཚམས་ཆད་པའི་སློབ་མ་27000སློབ་གྲྭར་ཕྱིར་ལོག་བྱེད་པའི་ཁ་ཏ་བསླབ་བྱ་བྱས་པར་བརྟེན། ལོ་དགུའི་འོས་འགན་སློབ་གསོ་བརྟན་པོ་བྱུང་ཚད་96.85%ཟིན་ཡོད།
     མཚོ་སྔོན་གྱིས་མཉམ་འདོམས་མཉམ་སྲུང་ལམ་སྲོལ་བཙུགས་པ་དང་ས་གནས་ཁག་གིས་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་གཅིག་ལྕོགས་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་ཞུགས་པའི་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་སློབ་གྲྭར་འགྲོ་མཚམས་མི་ཆད་པར་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི“ཕྱོགས་གཉིས་ཀྱི་འགན་འཁྲིའི་ལམ་ལུགས”དོན་འཁྱོལ་བྱས་པ་རེད། རྫོང་དང་གྲོང་ཁྱེར་21སློབ་གྲྭར་འགྲོ་མཚམས་མི་ཆད་པར་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་གཙོ་གནད་རྫོང་དུ་བརྩིས་པ་དང་། “རྫོང་རེར་ཐབས་ཇུས་རེའི”ལས་དོན་ཇུས་གཞི་བཟོས་ཏེ། གཙོ་གནད་རྗེས་སྙེག་དང་གཙོ་གནད་སྒྲུབ་སྐུལ་བྱས་པ་རེད།
     མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱིས་ཁ་ཏ་བསླབ་བྱ་བྱས་རྗེས། སློབ་གྲྭར་ཕྱིར་ལོག་བྱས་པའི་སློབ་མས་བསྡུར་ཚད་98.31%བཟུང་བ་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་ཡོང་ཚད་96.85%ཟིན་ཏེ། རྒྱལ་ཁབ་ཀྱི་2020ལོའི་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་ཡོང་ཚད་95%ཟིན་པའི་འཆར་འགོད་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད་པ་རེད།