འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་15ཉིན།

༄༅།།ཏ་ཤིན་གནམ་ཐང་གིས་ཕུལ་བྱུང་གི་གྲུབ་འབྲས་ཤོག་བྱང་ཕུལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་15ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། དམངས་སྤྱོད་མཁའ་འགྲུལ་ཅུས་གནམ་ཐང་སིའི་སི་ཀྲང་ལིའུ་ཁྲུན་ཁྲེན་གྱིས་པེ་ཅིང་ཏ་ཤིན་གནམ་ཐང་དངོས་སུ་གཉེར་སྐྱོང་བྱས་ཚུན། སྤྱི་ཡོངས་ཀྱི་གཉེར་སྐྱོང་གནས་ཚུལ་ཡག་པོ་རྒྱུན་འཁྱོངས་བྱས་ཡོད། དེའི་ནང་ཟླ་9ཚེས་30ཉིན་ནས་ཟླ་10ཚེས་6ཉིན་བར་ཉིན་7བསྟུད་མར་དུས་གཏན་གནམ་གྲུ་གཏོང་ཚད་རྒྱུན་གཏན་ཡིན་ཚད་དང་གཏོང་ཆོག་པ་རྒྱུན་གཏན་ཡིན་ཚད“བརྒྱ་གཉིས”ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད་ཅེས་བརྗོད།
     དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་གྲངས་གཞིའི་ལས་མངོན་པར། ཟླ་9ཚེས་25ཉིན་དངོས་སུ་གཉེར་སྐྱོང་བྱས་ཚུན། ཟླ་10ཚེས་10ཉིན་བར་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་དུ་དུས་གཏན་གནམ་གྲུ་འཕུར་བབས་ཐེངས་1237བྱས་པ་དང་ཉིན་རེར་ཆ་སྙོམས་ཐེངས་80ཟིན་པ་དང་། གནམ་ཐང་ནས་ཡུལ་སྐོར་བ་ཕར་འགྲོ་ཚུར་འོང་བྱེད་མཁན་མི་ཐེངས་ཁྲི་18.7ཟིན་ནས་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་1.24ཟིན་པ། གནམ་ཐང་ནས་ཁྱོན་རྡོག་ཁྲེས་ཁག་ཁྲི་6.03ཕྱིར་གཏོང་ནང་འདྲེན་བྱས་ནས་ཉིན་རེར་ཆ་སྙོམས་ཁྲི་0.4ཟིན་པ། ཆ་སྙོམས་དུས་གཏན་གནམ་གྲུ་གཏོང་ཆོག་པ་རྒྱུན་གཏན་ཡིན་ཚད་98.17%ཟིན་ཡོད།
     ལིའུ་ཁྲུན་ཁྲེན་གྱིས་གནམ་ཐང་གི་གཉེར་སྐྱོང་འཆར་གཞི་དང་བཀོད་སྒྲིག་གཞིར་བཟུང་ཟླ་10ཚེས་10ཉིན་ནས་བཟུང་། ཀྲུང་གོ་མཉམ་འབྲེལ་མཁའ་འགྲུལ་ཚད་ཡོད་ཀུང་སིའི་དུས་གཏན་གནམ་གྲུ་གཏོང་ཚད་ཉིན་རེར་ཆ་སྙོམས་ཐེངས་134བར་སླར་གསོ་བྱས་པ་དང་། ཟླ་10ཚེས་27ཉིན་ནས་བཟུང་དམངས་སྤྱོད་མཁའ་འགྲུལ་ཀུང་སིས་དགུན་དཔྱིད་གཉིས་ཀྱི་དུས་གཏན་གནམ་གྲུའི་འཆར་གཞི་ལག་བསྟར་བྱ་རྒྱུ་དང་། མཁའ་འགྲུལ་ཀུང་སི་གཞན་དག་ཏ་ཤིན་གནམ་ཐང་དུ་གཅིག་རྗེས་གཉིས་མཐུད་ངང་འབབ་རྒྱུ། ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་དུ་གཉེར་སྐྱོང་བྱེད་མཁན་མཁའ་འགྲུལ་ཀུང་སི་ཁག་15ཟིན་ནས་ཉིན་རེར་ཆ་སྙོམས་དུས་གཏན་གནམ་གྲུ་གཏོང་ཚད་ཐེངས་280ཙམ་ཟིན་རྒྱུ་རེད་ཅེས་བརྗོད།
     འདས་མ་ཐག་པའི་རྒྱལ་སྟོན་གྱི་སྤྲོ་གསེང་གཟའ་འཁོར་རིང་། ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་དེ་པེ་ཅིང་གི“དྲ་ཐོག་ཏུ་སྐད་གྲགས་ཡོད་པའི་མཛེས་ལྗོངས་ས་ཚིགས”ཤིག་ཏུ་གྱུར་ཡོད། གུང་གསེང་རིང་། ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་དུ་ཉིན་རེར་ཆ་སྙོམས་ཡུལ་སྐོར་བ་མི་ཐེངས་ཁྲི་7ལྷག་ཙམ་ཟིན་པ་དང་ཁྱོན་བསྡོམས་མི་ཐེངས་ཁྲི་47ཟིན་ནས་གནམ་ཐང་ནས་རྒྱལ་སྒྲོལ་ཞིབ་བཤེར་བྱེད་མཁན་ཡུལ་སྐོར་བའི་བསྡུར་གྲངས་13∶1ཟིན་པ་དང་། ལྷག་པར་དུ་ཟླ་10ཚེས་3ཉིན་ཡུལ་སྐོར་བའི་གྲངས་འབོར་མང་ཤོས་ཟིན་ནས་མི་ཐེངས་ཁྲི་10.78ཟིན་པ་དང་གནམ་ཐང་ནས་རྒྱལ་སྒྲོལ་ཞིབ་བཤེར་བྱེད་མཁན་གྱི་ཡུལ་སྐོར་བའི་བསྡུར་གྲངས་24∶1ཟིན་ཡོད་པ་རེད།