འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་14ཉིན།

༄༅།།ནེ་པ་ལ་ཡིས་ཁྲེན་ཏུའུ་རུ་གཞུང་ཚབ་སྤྱི་ཁྱབ་དོན་གཅོད་ཁང་འཛུགས་རྒྱུ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་14ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་13ཉིན། སི་ཁྲོན་ཞིང་ཆེན་ཕྱི་དོན་ལས་སྒྲུབ་ཁང་གི་པོད་འཕྲིན་ནས་ཚེས་13ཉིན་སྤེལ་བའི་གནས་ཚུལ་དང་། ཕྱི་འབྲེལ་པུའུ་ཡིས་ཟླ་10ཚེས་12ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། 2019ལོའི་ཟླ་10ཚེས་13ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ནེ་པ་ལ་དང་མཉམ་དུ་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཞིང་། གསལ་བསྒྲགས་ཀྱི་ནང་དུ“ནེ་པ་ལ་ཡིས་སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་གྲོང་ཁྱེར་དུ་གཞུང་ཚབ་སྤྱི་ཁྱབ་དོན་གཅོད་ཁང་འཛུགས་རྒྱུར་ཀྲུང་གོ་མོས་མཐུན་ཡོད”པ་བཤད་ཡོད། ནེ་པ་ལ་ནི་ཁྲེན་ཏུའུ་རུ་གཞུང་ཚབ་དོན་གཅོད་ལས་ཁུངས་བཙུགས་པའི་རྒྱལ་ཁབ་18པར་གྱུར་ཡོད།