འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་12ཉིན།

༄༅༎རེས་སྐོར་གསར་པའི་ཀྲུང་ཨའི་རིམ་མཐོའི་དཔལ་འབྱོར་ཚོང་དོན་གྱི་གྲོས་མོལ་ཝ་ཞིན་ཐོན་དུ་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་12ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན་ནས་ཚེས་11ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨ་རིའི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོས་མོལ་གྱི་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་པ་ལིའུ་ཧོ་དང་ཨ་རིའི་ཚོང་དོན་གྱི་འཐུས་མི་ལའེ་ཐེ་ཤིས་ཙེ་དང་ནོར་སྲིད་པུའུ་ཀྲང་མུའུ་ནུའུ་ཆིན་གྱིས་ཝ་ཞིན་ཐོན་དུ་རེས་སྐོར་གསར་པའི་ཀྲུང་ཨའི་རིམ་མཐོའི་དཔལ་འབྱོར་ཚོང་དོན་གྲོས་མོལ་བྱས་པ་རེད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་ཀའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་གྱི་མཛུབ་ཁྲིད་འོག་ཐུན་མོང་ཐོག་དོ་ཁུར་བྱེད་པའི་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཐད་ལྷག་བསམ་ཟོལ་མེད་དང་། ལས་ནུས་ཆེ་བ། དགེ་མཚན་ལྡན་པ་བཅས་ཀྱི་གྲོས་བསྡུར་བྱས་པ་རེད། ཕྱོགས་གཉིས་པོར་ཞིང་ལས་དང་། ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་། དངུལ་བརྗེས་འཛའ་ཐང་། དངུལ་རྩའི་ཞབས་ཞུ། ཉོ་ཚོང་མཉམ་ལས་རྒྱ་སྐྱེད། ལག་རྩལ་ནང་བཤུག རྩོད་གཞི་ཐག་གཅོད་སོགས་ཀྱི་ཁྱབ་ཁོངས་སུ་ངོ་བོའི་རང་བཞིན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། ཕྱོགས་གཉིས་པོས་རྗེས་མཐུད་གྲོས་མོལ་བཀོད་སྒྲིག་ལ་གྲོས་བསྡུར་བྱས་ཏེ་ཐུན་མོང་ཐོག་མཐའ་མའི་གྲོས་མཐུན་གྱི་ཕྱོགས་སུ་འབད་བརྩོན་བྱ་རྒྱུར་མོས་མཐུན་བྱུང་ཡོད། 
     ཚོང་དོན་པུའི་པུའུ་ཀྲང་ཀྲུང་ཧྲན་དང་། ཀྲུང་གོའི་མི་དམངས་དངུལ་ཁང་གི་འགོ་འཛིན་དབྱི་ཀང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉིང་ཅི་ཀྲེ། ཀྲུང་དབྱང་ནོར་དོན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ། ནོར་སྲིད་པུའི་པུའུ་ཀྲང་གཞོན་པ་ལེའོ་མིང་། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཀྲེང་ཙེ་ཀོང་། བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་གཞོན་པ་ཝང་ཀྲི་ཅུན། ཀྲུང་དབྱང་ཞིང་ལས་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ། ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ་ཧན་ཅུན། ཚོང་དོན་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་སྤྱིའི་ཚོང་དོན་གྲོས་མོལ་གྱི་འཐུས་མི་གཞོན་པ་གཅིག་ལྕོགས་ཡིན་པའི་ཝང་ཧྲོའུ་ཝུན་བཅས་གྲོས་མོལ་ནང་ཞུགས་པ་རེད།