འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་12ཉིན།

༄༅༎ཉིང་ཞའི་ཅིང་ཡོན་གྱིས“དྲ་སྦྲེལ་དང་སློབ་གསོ”ཟུང་འབྲེལ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་
སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་12ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཉིང་ཞའི་ཅིང་ཡོན་གྱིས“དྲ་སྦྲེལ་དང་སློབ་གསོ”ཟུང་འབྲེལ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་
སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་བ།
     ཉིང་ཞའི་ཤིས་ཧའེ་ཀུའུ་ས་ཁུལ་དུ་གནས་པའི་ཅིང་ཡོན་རྫོང་གིས་ཉེ་བའི་ལོའི་ནང“དྲ་སྦྲེལ་དང་སློབ་གསོ”ཟུང་འབྲེལ་བྱ་རྒྱུ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གྲངས་འཛིན་ཅན་གྱི་སློབ་གསོའི་མཉམ་སྤྱོད་ལས་སྟེགས་ཧུར་ཐག་བསྐྲུན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་བཏང་ཡོད། མིག་སྔར་ཉིང་ཞའི་ཀུའུ་ཡོན་གྲོང་ཁྱེར་ཅིང་ཡོན་རྫོང་གིས་རིག་ལྡན་སློབ་གྲྭའི་ཚོད་ལྟའི་སློབ་གྲྭ་11དང་རིག་སྤྲིན་སློབ་ཁང་106བསྐྲུན་པ་མ་ཟད། “གཅིག་འཁྲིད་གཉིས”ཀྱི་དྲ་རྒྱའི་མཉམ་འགུལ་སློབ་ཚན་26བཏོད་པའི་ཁར་རྫོང་དེ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཚང་མར་ཀྲའོ་400ཡི་དྲ་རྒྱ་འཁྲིད་ཟིན་ཞིང་། འདི་ནི་ཟླ་10ཚེས་9ཉིན་ཉིང་ཞའི་ཀུའུ་ཡོན་གྲོང་ཁྱེར་ཅིང་ཡོན་རྫོང་ཅིང་ཧོ་ཡོན་གྲོང་རྡལ་པའེ་མན་མི་རིགས་སློབ་ཆུང་གི་དགེ་སློབ་ཚོས་སློབ་ཚན་ཚོགས་བཞིན་པ་དང་ཆབས་ཅིག་ས་གནས་དེ་གའི་ཀའོ་ཧྥེང་གྲོང་ཚོ་དང་པའེ་ཅི་གྲོང་ཚོའི་སློབ་ཁྲིད་ས་ཚིགས་ཀྱི་སློབ་མ་དང་དྲ་རྒྱའི་ཐོག་མཉམ་འགུལ་བྱེད་བཞིན་པ།