འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་11ཉིན།

༄༅༎མཚོ་སྔོན་གྱི་སྲིད་འཛིན་གྲོང་ཚོར་འཐུང་ཆུའི་བདེ་འཇགས་ལས་གྲྭ་རྩ་བའི་ཆ་ནས་ཁྱབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་11ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ▶ 2000ལོ་ནས་བཟུང་། མཚོ་སྔོན་གྱིས་ཞིང་འབྲོག་ཁུལ་དུ“འཐུང་ཆུའི་དཀའ་ངལ་ཐག་གཅོད”དང“འཐུང་ཆུ་བདེ་འཇགས”“འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང”བཅས་ཀྱི་ལས་གྲྭ་ལག་བསྟར་བྱས་ཏེ། གཅིག་སྡུད་རྣམ་པའི་འཐུང་ཆུའི་བདེ་འཇགས་ཀྱི་ལས་གྲྭའི་གནས་ཁྱོན་བསྡོམས་2855དང་ཁ་འགྲེམས་རྣམ་པའི་ཆུ་མཁོ་འདོན་ལས་གྲྭའི་གནས་ཁྲི་6.14བསྐྲུན་པས། ཞིང་འབྲོག་ཁུལ་གྱི་མི་ཐེངས་ཁྲི་413གྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱུང་བ་དང་། མི་ཁྲི་131.5ཡི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་བྱུང་ཡོད།
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། མཚོ་སྔོན་གྱིས་གྲོང་གསེབ་དང་འབྲོག་ཁུལ་དུ་འཐུང་ཆུའི་བདེ་འཇགས་ལས་གྲྭ་འཛུགས་སྐྲུན་མུ་མཐུད་ལག་བསྟར་དང་། ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་གི་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད། སྲིད་འཛིན་གྲོང་ཚོ་ཚང་མར་རྩ་བའི་ཆ་ནས་འཐུང་ཆུའི་བདེ་འཇགས་ལས་གྲྭ་ཁྱབ་པར་བརྟེན། སྔོན་མ་མི་དང་། ཕྱུགས། ཐེར་གེ་བཅས་ལ་བརྟེན་ནས་ཆུ་དབོར་བའི་ལོ་རྒྱུས་རྦད་དེ་མཇུག་སྒྲིལ་བ་རེད།
     མཚོ་སྔོན་ནི་རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་བཅས་ཀྱི་ཆུ་ཁུངས་ཡིན་པ་དང་རང་རྒྱལ་གྱི་ཚྭ་མེད་ཆུའི་ཐོན་ཁུངས་ཀྱི་ཁ་གསབ་གནས་གལ་ཆེན་ཡིན་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་629.3ཟིན་ཏེ། “གཙང་གསུམ་ཆུ་འགོ”དང“ཀྲུང་ཧྭ་ཡི་ཆུ་གསོག་མཐོ་ལྕོག”ཅེས་པའི་མཚན་སྙན་ཐོབ་ཡོད། འོན་ཀྱང་། མཚོ་བོད་ས་མཐོའི་དམིགས་བསལ་ཁུལ་གྱིས་ཚོད་འཛིན་ཕོག་པ་དང་། མཚོ་སྔོན་གྱི་ཆུའི་གནས་ཚུལ་ཧ་ཅང་དམིགས་བསལ་ཡིན་ལ། ཆུ་གསོག་མི་ཐུབ་པ་དང་སྤྱོད་མི་ཐུབ་པའི་གནད་དོན་ཧ་ཅང་མངོན་གསལ་དོད་པའི་རྐྱེན་གྱིས་ཞིང་འབྲོག་ཁུལ་གྱི་མི་ཕྱུགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་ཐུབ་ཚད་ཅུང་དམའ་པོ་ཡོད།
     མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གི་ཐིང་ཀྲང་ཀྲང་ཧྲེ་ཧྥུང་གིས་ཞིང་འབྲོག་ཁུལ་མང་ཚོགས་ཀྱི“འཐུང་ཆུ་དཀོན་པའི”གནད་དོན་ཐག་གཅོད་བྱ་ཆེད། 2000ལོ་ནས་བཟུང་། མཚོ་སྔོན་གྱིས་ཞིང་འབྲོག་ཁུལ་དུ“འཐུང་ཆུའི་དཀའ་ངལ་ཐག་གཅོད”དང“འཐུང་ཆུ་བདེ་འཇགས”“འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང”བཅས་ཀྱི་ལས་གྲྭ་ལག་བསྟར་བྱས་ཏེ། གཅིག་སྡུད་རྣམ་པའི་འཐུང་ཆུའི་བདེ་འཇགས་ཀྱི་ལས་གྲྭའི་གནས་ཁྱོན་བསྡོམས་2855དང་ཁ་འགྲེམས་རྣམ་པའི་ཆུ་མཁོ་འདོན་ལས་གྲྭའི་གནས་ཁྲི་6.14བསྐྲུན་པས། ཞིང་འབྲོག་ཁུལ་གྱི་མི་ཐེངས་ཁྲི་413གྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱུང་བ་དང་། མི་ཁྲི་131.5ཡི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་བྱུང་ཡོད།
     “2018ལོའི་ལོ་མཇུག་ཏུ་མཚོ་སྔོན་གྱི་ཞིང་འབྲོག་ཁུལ་དུ་གཅིག་སྡུད་ཆུ་མཁོ་འདོན་བྱེད་ཚད་དང་། རང་འབབ་ཆུ་ཀ་ལ་ཁྱབ་གདལ་གཏོང་ཚད། ཆུ་མཁོ་འདོན་འགན་ལེན་བྱེད་ཚད་བཅས་76.4%དང་། 64.1% 88.4%བཅས་སོ་སོར་ཟིན་ཡོད”ཀྲང་ཧྲེ་ཧྥུང་གིས་འདི་ལོའི་ལོ་མཇུག་བར། མཚོ་སྔོན་གྱིས་ད་དུང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་2.1གི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱས་ཏེ། མི་འབོར་དབུལ་པོའི་འཐུང་ཆུའི་གནད་དོན་རྦད་དེ་ཐག་གཅོད་བྱེད་པའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ཡིན་ཞེས་བཤད།