འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་10ཉིན།

༄༅༎སྐབས་དང་པོའི་ཀོང་ཏུང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་ཐོན་རྫས་ཉོ་ཚོང་དངོས་མང་སྟོན་ཚོགས་ཀོང་ཀྲོའུ་རུ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་10ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་སྐབས་དང་པོའི་ཀོང་ཏུང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་ཐོན་རྫས་ཉོ་ཚོང་དངོས་མང་སྟོན་ཚོགས་ཀོང་ཀྲོའུ་རུ་འགོ་ཚུགས་པ་རེད། 
     སྐབས་འདིའི་དངོས་མང་སྟོན་ཚོགས་དེ“ཤར་ནུབ་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ། འཛད་སྤྱོད་དབུལ་སྐྱོར་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཀོང་ཏུང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དབུལ་སྐྱོར་མཉམ་ལས་ཐོན་རྫས་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཁུལ་ཆེ་མོའི་ཁྲོམ་ར་དང་། ཐ་ན་རྒྱལ་ཡོངས་ཀྱི་ཁྲོམ་ར་ཆེ་གྲས་སུ་སྐྱོད་རྒྱུར་སྐུལ་འདེད་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་དང་འཛད་སྤྱོད་དབུལ་སྐྱོར་ལ་དམ་པོར་དམིགས་པ། དྲ་ཐོག་དང་དྲ་ཕྱིར་དུས་གཅིག་ཏུ་སྐུལ་འདེད་གཏོང་བ། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཁེ་ལས་ཆེ་གྲས་བཅས་ཚན་པར་བྱས་ཏེ། ས་ཁུལ་དབུལ་པོ་དང་མི་འབོར་དབུལ་པོར་དབུལ་སྒྲོལ་གྱི་ཁྱད་ལྡན་ལེགས་ཆའི་ཐོན་རྫས་གཅིག་སྡུད་ཐོག་སྟོན་རོགས་བྱེད་པ། ཐོན་རྫས་འགྲེམས་ཚོང་དང་ཡུལ་དངོས་སུ་ཉམས་ལེན་དང་ངོ་སྤྲོད་འོས་སྦྱོར་སོགས་ཀྱི་བྱེད་ཐབས་བརྒྱུད་དབུལ་སྐྱོར་ཐོན་རྫས་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ནས་ཕྱིར་ཚོང་ཁྲོམ་ར་རྒྱ་སྐྱེད་གཏོང་ཆེད་ཡིན་པ་རེད། ཤིན་ཅང་དང་། བོད། ཀོང་ཤིས། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན། ཁྲུང་ཆིང་སོགས་ཞིང་ཆེན(གྲོང་ཁྱེར་དང་རང་སྐྱོང་ལྗོངས)12ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་ནང་ཞུགས་ཡོད་པ་རེད།