འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་9ཉིན།

༄༅༎ཕོ་བྲང་པོ་ཏ་ལའི་དབྱིག་ནོར་ཁང་དུ《ལོ་རྒྱུས་ཀྱི་དཔང་རྟགས》འགྲེམས་སྟོན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་08ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཕོ་བྲང་པོ་ཏ་ལའི་དབྱིག་ནོར་ཁང་དུ《ལོ་རྒྱུས་ཀྱི་དཔང་རྟགས》འགྲེམས་སྟོན་བྱས་པ།
     རྒྱལ་སྟོན་སྐབས། ལྷ་སའི་ཕོ་བྲང་པོ་ཏ་ལའི་དབྱིག་ནོར་ཁང་དུ《ལོ་རྒྱུས་ཀྱི་དཔང་རྟགས》ཞེས་པའི་རིག་དངོས་འགྲེམས་སྟོན་བྱས་པར་ལྟ་སྐོར་བྱེད་མཁན་ཡུལ་སྐོར་བ་མང་པོ་ཡོད། ད་རེས་ཀྱི་འགྲེམས་སྟོན་ཟླ་9ཚེས་26ཉིན་འགོ་ཚུགས་པ་དང་། ལྷ་སའི་ཕོ་བྲང་པོ་ཏ་ལ་དང་། བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་། ནོར་བུ་གླིང་ཁ། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་སོགས་ཚན་པ་ནས་དུས་སྐབས་མི་འདྲ་བའི་བོད་ཀྱི་ལོ་རྒྱུས་ཚབ་མཚོན་རང་བཞིན་ཆེ་ཤོས་ལྡན་པའི་རྒྱལ་ཁབ་རིམ་པའི་རིག་དངོས་བདུན་དང་རིག་དངོས་རྩ་ཆེན་ཉིས་བརྒྱ་ལྷག་བདམས་ཏེ་མཉམ་དུ་འགྲེམས་སྟོན་བྱས་ཤིང་། འདི་ནི་ཡུལ་སྐོར་བ་ཞིག་གིས་རིག་དངོས་ལ་ལྟ་བཞིན་པ།