འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་26ཉིན།

༄༅།།མི་དམངས་དྲ་བའི་གསར་འགོད་པས་ཁྱེད་ཉིད་དམག་གཟིགས་སྦྱོང་བརྡར་བྱ་ཡུལ་དུ་ལྟ་བར་ཁྲིད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་26ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མི་དམངས་དྲ་བའི་གསར་འགོད་པས་ཁྱེད་ཉིད་དམག་གཟིགས་སྦྱོང་བརྡར་བྱ་ཡུལ་དུ་ལྟ་བར་ཁྲིད།
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་1ཉིན་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ཆེ་བའི་དམག་གཟིགས་མཛད་སྒོ་སྤེལ་རྒྱུ་ཡིན་པ། མི་དམངས་དྲ་བའི་གསར་འགོད་པས་ཉེ་ཆར་དམག་གཟིགས་སྦྱོང་བརྡར་བྱ་ཡུལ་དུ་བསྐྱོད་པ་དང་། དམག་གཟིགས་སྦྱོང་བརྡར་བྱ་ཡུལ་དངོས་ལ་ཐད་ཀར་བསྐྱོད་ནས། གལ་ཏེ། དམག་དོན་སྦྱོང་བརྡར་ནི་མ་འོངས་པའི་དམག་འཐབ་ཀྱི་སྔོན་སྦྱོང་དང་། འཐབ་ནུས་ཀྱི་འབྱུང་ཁུངས་རེད་ཟེར་ན། ཐེངས་འདིར་གཅིག་འདུས་བྱས་པའི་དམག་གསུམ་དམག་གཟིགས་སྦྱོང་བརྡར་ནི། དེ་དང་འདྲ་བའི་དམག་གི་བླ་སྲོག་གཏོད་པ་དང་། ངར་ཤུགས་སྐུལ་བ། འཇོན་ཐང་ཆེར་གཏོང་། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་བྱེད་པའི་ཕྱོགས་བསྡུས་དམག་སྦྱོང་ར་བ་ཞིག་རེད་འདུག
འགུལ་སྟངས་ཡང་ནས་བསྐྱར་དུ་སྦྱོང་བརྡར་བྱེད་པའི་ཁྲོད་དུ། དམག་དཔོན་ནས་དམག་མི་བར་ཚང་མའི་ལུས་པོ་རྔུལ་ཆུས་འཚོས་ནའང་ཚང་མ་སྙིང་སྟོབས་ཆེ་སྐྱེད་དང་།  གྲུང་ཤ་དོད་པོས་ཀྲེང་ངེར་ལངས་པའི་གཟུགས་ཉམས་དང་། གྲལ་འགྲིག་པའི་གོམ་སྟབས། གནམ་ས་ཁེབས་པའི་འབོད་ཚིག་བཅས་ཀྱིས་རྒྱང་རིང་གི་རི་བོའི་མཛེས་སྡུག་དང་མཉམ་དུ་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་གྲུབ་ཡོད།
【1】  【2】  【3】
༄༅།།མི་དམངས་དྲ་བའི་གསར་འགོད་པས་ཁྱེད་ཉིད་དམག་གཟིགས་སྦྱོང་བརྡར་བྱ་ཡུལ་དུ་ལྟ་བར་ཁྲིད།