འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་24ཉིན།

༄༅།།མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པས་ལན་ཀྲོའུ་གཞུང་ལས་ཁང་བཙུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་24ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་9ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ལན་ཀྲོའུ་གཞུང་ལས་ཁང་ལན་ཀྲོའུ་སློབ་ཆེན་དུ་དངོས་སུ་བཙུགས་པ་རེད། དེ་བཙུགས་པའི་དམིགས་ཡུལ་ནི་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་བྱེད་པར་རྒྱབ་ཕྱོགས་ཀྱི་ཞབས་ཞུ་འགན་ལེན་དང་མི་སྣ་གསོ་སྦྱོང་དང་དེ་བཞིན་དངོས་ཟོག་བརྒྱུད་སྐྱེལ་སོགས་ཕྱོགས་བསྡུས་ཞབས་ཞུའི་འགན་ལེན་མཁོ་འདོན་བྱེད་ཆེད་རེད།
     ལན་ཀྲོའུ་སློབ་ཆེན་གྱི་སློབ་སྤྱི་ཡན་ཁྲུན་ཧྭ་ཡིས་ལན་ཀྲོའུ་གཞུང་ལས་ཁང་གི་གཤམ་འོག་ཏུ་ས་མཐོའི་ཚན་རིག་རྟོག་ཞིབ་དང་རི་ཐང་འཚོ་གནས་དངོས་སྦྱོང་པུའུ་དང་། གྲུབ་འབྲས་ཕྱོགས་སྒྱུར་དཔྱད་དཔོག་ལྟེ་གནས། དངོས་ཟོག་བརྒྱུད་སྐྱེལ་ཞབས་ཞུ་འགན་ལེན་པུའུ་སོགས་སྡེ་ཚན་བཙུགས་ཡོད། “ལན་ཀྲོའུ་གཞུང་ལས་ཁང་བཙུགས་པ་ལས་ལན་ཀྲོའུ་སློབ་ཆེན་གྱིས་མཚོ་བོད་ཚན་རིག་རྟོག་ཞིབ་ནང་དེ་བས་ཡག་པོ་ཞུགས་པ་དང་དེ་བས་ཞབས་འདེགས་ཡག་པོ་ཞུ་རྒྱུར་ལས་སྟེགས་གལ་ཆེན་མཁོ་འདོན་བྱས་ཡོད”ཅེས་བརྗོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པའི་ལས་འགན་ཆེན་པོ་10ཡི་ཆེད་དོན་68ཁྲོད་ལན་ཀྲོའུ་སློབ་ཆེན་གྱིས་སྣེ་ཁྲིད་དེ་ལས་འགན་ཆེན་པོ་1གཙོ་སྐྱོང་བྱས་པ་དང་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཀྱི་སྣེ་ཁྲིད་དེ་ཆེད་དོན་5འགན་ཁུར་ཡོད་པ་རེད།