འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་23ཉིན།

༄༅༎2019ལོའི་ཀྲུང་གོའི་མི་ཐབས་རིག་ནུས་ཚོགས་ཆེན་སྐབས་ལྔ་པ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་23ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཅི་ནན་ནས་ཟླ་9ཚེས་21ཉིན་གནས་ཚུལ་འབྱོར་གསལ། ཟླ་9ཚེས་21ཉིན་གྱི་སྔ་དྲོ། 2019ལོའི་ཀྲུང་གོའི་མི་ཐབས་རིག་ནུས་ཚོགས་ཆེན་སྐབས་ལྔ་པ་ཆིང་ཏའོ་ཅའོ་ཀྲོའུ་རུ་དངོས་སུ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་ཚོགས་ཆེན་ཐོག“རིག་འགྱུར་མཉམ་འདྲེས”བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་འཚོལ་ཞིབ་དང་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་ནས། AIཚན་རྩལ་གསར་པ་འགྲེམས་སྟོན་དང་། ནུས་རྒྱུ་གསར་པར་གཞོགས་འདེགས། AIདང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་དེ་རེད།