འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་20ཉིན།

༄༅༎ཧྲན་དབྱང་དུ“དགུ་པའི་བཅོ་བརྒྱད་མ་བརྗེད་པ་བྱེད་པའི”ཅོང་བརྡ་གཏོང་བའི་མཛད་སྒོ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་20ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཧྲན་དབྱང་ནས་ཟླ་9ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་ནི“དགུ་པའི་བཅོ་བརྒྱད”ཀྱི་དོན་འགྱུར་བྱུང་ནས་ལོ་ངོ་88འཁོར་བའི་དྲན་གསོའི་ཉིན་མོ་ཞིག་རེད། ཚེས་18ཉིན་གྱི་སྔ་དྲོ་སྤྱི་ཚོགས་ལས་རིགས་ཁག་ནས་ཡོང་པའི་མི་སྣ་ཆིག་སྟོང་ལྷག་ཙམ་གྱིས་ཧྲན་དབྱང་གྲོང་ཁྱེར་དུ“དགུ་པའི་བཅོ་བརྒྱད”ཀྱི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་གི་རྡོ་རིང་ཐང་ཆེན་དུ་ཅོང་བརྡ་གཏོང་བའི་མཛད་སྒོ་འཚོགས་ཏེ་ལོ་རྒྱུས་སེམས་ལ་བརྟན་པོར་ངེས་པ་དང་སྔོན་བཤེགས་དཔའ་བོར་དྲན་གསོ་ཟབ་མོ་བྱས་ཡོད།
     ཧྲན་དབྱང“དགུ་པའི་བཅོ་བརྒྱད”ཀྱི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་ནི་ཀྲུང་གོའི“དགུ་པའི་བཅོ་བརྒྱད”ཀྱི་དོན་འགྱུར་གྱི་ལོ་རྒྱུས་ཕྱོགས་ཡོངས་ནས་མངོན་པའི་རྟེན་རྫས་བཤམས་མཛོད་ཁང་འབའ་ཞིག་དེ་རེད། བཤམས་མཛོད་ཁང་དེའི་ཤར་ངོས་ཀྱི་གྱང་སྐབས་དེ་དུས་ཀྱི“སྒར་ས་བྱང་མ”དང་འབྲེལ་བ་མ་ཟད། རི་པིན་བཙན་འཛུལ་པས་འབར་མདེལ་གྱིས་གཏོར་བའི་ནན་མན་ལྕགས་ལམ་ལིའུ་ཐིའོ་མཚོ་ལམ་དང་ལམ་ཐག་སྨི་800ལས་མེད་པ་རེད།