འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་20ཉིན།

༄༅༎ཐོན་ལས་དབུལ་སྐྱོར་ལ་བརྟེན་ནས་མང་ཚོགས་ཕྱུག་པོ་ཆགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་20ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་ཐོན་ལས་དབུལ་སྐྱོར་གཙོ་གནད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་དབུལ་སྐྱོར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས“སྣེ་འདྲེན་ཁེ་ལས+དུད་ཚང་དབུལ་པོ”དང་། དབུལ་སྐྱོར་འཁོར་ཁང་། དྲ་ཐོག་དབུལ་སྐྱོར་བཅས་ཀྱི་ཁྱབ་ཚད་ཟམ་མི་ཆད་པར་རྒྱ་ཆེར་བཏང་བ་དང་། ཁྱད་ལྡན་གྱི་འདེབས་འཛུགས་གསོ་ཚགས་དང་དུད་ཚང་གི་ལག་ཤེས་བཟོ་རྩལ་སོགས་རྣམ་པ་སྣ་ཚོགས་ཀྱི་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་བཏང་ནས་མང་ཚོགས་དབུལ་པོའི་རང་བརྟེན་ནུས་པ་ཆེ་རུ་བཏང་སྟེ་དབུལ་སྒྲོལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།